མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོ་སྲིད་གཞུང་གིས་ཨན་པེའི་ནང་བློན་ཁང་གི་ཁོངས་མིས་རྒྱལ་བདེ་ལྷ་ཁང་དུ་མཆོད་འབུལ་བྱས་པར་རྒོལ་གཏམ་བཏང་བ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-18 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་15ཉིན་ཧན་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཀོང་དབྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་རི་པིན་གྱི་ཨན་པེ་ཅིན་སན་ནང་བློན་ཁང་གི་བློན་ཆེན་5ཡིས་རྒྱལ་བདེ་ལྷ་ཁང་དུ་མཆོད་འབུལ་བྱས་པར་རྒོལ་གཏམ་བཏང་ནས་བྱེད་སྤྱོད་དེ་རིགས་ནི་རི་པིན་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་ཕོག་པའི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཐད་ཀར་འཁྲུག་རྐྱེན་སློང་བ་ཞིག་རེད་ཅེས་བཤད་པ་རེད།

ཁོང་གིས་ན་ནིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨན་པེ་ཅིན་སན་གྱིས་རྒྱལ་བདེ་ལྷ་ཁང་ལ་མཆོད་འབུལ་བྱས་པར་རྒོལ་གཏམ་བཏང་བ་དང་འབྲེལ་སེམས་ཁྲལ་བྱེད་ལུགས་མཚོན་ཡོད་མོད།འོན་ཀྱང་རི་པིན་སྲིད་གཞུང་གི་ནང་བློན་ཁང་གི་བློན་ཆེན་གྱིས་སྔར་བཞིན་རྒྱལ་བདེ་ལྷ་ཁང་ལ་མཆོད་འབུལ་བྱས་ནས་དམག་འཁྲུག་ཁྲོད་ཤི་མཁན་ལ་མྱ་ངན་ཞུས་པ་དེ་ནི་ཁྱིམ་མཚེས་རྒྱལ་ཁབ་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་འཁྲུག་རྐྱེན་སློང་བ་ཞིག་རེད་ཅེས་བཤད་ཡོད།ལུའུ་ཀོང་དབྱིས་རི་པིན་གྱི་སྲིད་ཕྱོགས་མི་སྣས་དུས་རབས་ཀྱི་རྗེས་སུ་ལུས་པའི་བྱེད་སྤྱོད་དེ་རིགས་སྔ་ཙམ་མཚམས་འཇོག་བྱས་ཏེ་ཁེངས་སྐྱུང་ངང་ལོ་རྒྱུས་ལ་རང་སྐྱོན་རང་བརྟག་བྱས་ནས་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞིའི་ཐོག་ཧན་གོ་དང་རི་པིན་དབར་གྱི་འབྲེལ་བ་ལེགས་སུ་གཏོང་ཆེད་འབད་བརྩོན་བྱེད་དགོས་པའི་ནན་བཤད་བྱས་པ་རེད།    །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག