མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོས་གཅིག་གྱུར་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ལས་དོན་དངོས་སུ་སྤེལ་འགོ་བཙུགས་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-18 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་མཉམ་འབྲེལ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་།ཚེས་15ཉིན་ཧན་གོའི་ཙུང་ཐུང་ལས་ཤག་ཆིང་ཝ་ཐའེ་ཕྱི་འབྲེལ་བདེ་སྲུང་གི་དབུ་བཞུགས་དྲུང་ཡིག་ཀྲུའུ་ཐེ་ཅི་ཡིས་ཁྲའོ་ཞན་ཕྱེད་གླིང་གཅིག་གྱུར་ལ་གཞོལ་བ་དང་།ཙུང་ཐུང་ཐད་གཏོགས་ཀྱི་གཅིག་གྱུར་གྲ་སྒྲིག་ཨུ་ཡོན་ལྷན་ཁང་དེ་ཉིན་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་དང་ཙུང་ཐུང་ཕེའོ་ཅིན་ཧུའེ་ཨུ་ཡོན་ཀྲང་ལ་བསྐོ་གཞག་བྱས་ཡོད་ཅེས་བརྗོད་པ་རེད།

ཀྲུའུ་ཐེ་ཅི་ཡིས་གཅིག་གྱུར་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་དམངས་ཁྲོད་སྒྲིག་གཞིའི་དབར་མཉམ་ལས་བྱ་ཤུགས་ཆེ་རུ་བཏང་ནས་ཕྱེད་གླིང་གི་ཞི་བདེ་གཅིག་གྱུར་གྱི་རྨང་རྡོ་གཏོད་ཆེད་རྒྱུན་སྲིང་ལྷོད་མེད་ངང་འབད་བརྩོན་བྱ་རྒྱུ་རེད།དེ་མིན་ཨུ་ཡོན་ལྷན་ཁང་གིས་ད་དུང་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ནས་ཕྱི་གསལ་ནང་གསལ་དང་ཡོངས་བསྒྲགས་ངང་གཅིག་གྱུར་གྱི་གནད་དོན་ལ་གྲོས་བསྡུར་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།གནས་ཚུལ་སྤེལ་བར་གཞིགས་ན།ཨུ་ཡོན་ལྷན་ཁང་དེ་མི་50ལས་གྲུབ་པ་དང་ཁོངས་མིའི་ནང་སྲིད་གཞུང་གི་དཔོན་རིགས་དང་དམངས་ཁྲོད་མི་སྣ་ཚུད་ཡོད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག