མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཀྲུང་གོས་ཨ་རིའི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་གྱོད་གཞིར་ཞུ་གཏུག་བརྒྱབ་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་སྙན་ཞུ་ཡོངས་བསྒྲགས་བྱས་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-18 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རི་ནེ་ཝའི་དུས་ཚོད་ཟླ་7ཚེས་14ཉིན་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཀྲུང་གོས་ཨ་རིའི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་གྱོད་གཞིར་ཞུ་གཏུག་བརྒྱབ་པའི་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་སྙན་ཞུ་ཡོངས་བསྒྲགས་བྱས་ཡོད། རིགས་གཅིག་མཁས་ཅན་ཚོགས་ཆུང་གིས་ཀྲུང་གོ་ཕྱོགས་ཀྱི་ཞུ་གཏུག་གི་རེ་བ་མང་པོ་ཞིག་ལ་རྒྱབ་སྐྱོར་བྱས་ནས་ཨ་རིས་ཀྲུང་གོར་དམིགས་ནས་སྤེལ་བའི་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་དེ་སྤྱི་པའི་སྒྲིག་གཞི་གཏན་འཁེལ་དང་ས་ཆའི་ཆེད་དམིགས་རང་བཞིན་གྱི་གཏན་འཁེལ་དང་དེ་བཞིན་ཕྱིར་གཏོང་ཚོད་འཛིན་བྱེད་ཐབས་ཐད་ཁ་གསབ་ལ་ངོ་རྒོལ་བྱེད་པའི་བརྟག་དཔྱད་བྱེད་པ་སོགས་ཀྱི་བྱེད་སྟངས་ནི་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྒྲིག་ལམ་ལས་འགལ་བའི་གཏན་འཁེལ་བྱས་ཡོད་པ་རེད།

ཚེས་15ཉིན་ཚོང་དོན་པུའི་ཆིངས་ཡིག་བཅའ་ཁྲིམས་སིའི་འགན་ཁུར་བས་སྐབས་དེ་དུས་གཏམ་བཤད་སྤེལ་སྐབས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ཁྲུན་ཐག་བཅད་པར་བརྩི་འཇོག་བྱེད་དགོས་པ་དང་ཚོང་དོན་རྒུད་སྐྱོབ་ཀྱི་བྱེད་ཐབས་གང་བྱུང་དུ་སྤྱོད་པའི་ནོར་འཁྲུལ་གྱི་བྱེད་ཐབས་གང་མགྱོགས་ཡོ་བསྲང་བྱས་ཏེ་ཀྲུང་གོའི་ཁེ་ལས་ཀྱི་འདྲ་མཉམ་འགྲན་རྩོད་ཀྱི་ཁོར་ཡུག་འགན་ལེན་བྱེད་དགོས་པའི་ལྕག་སྐུལ་བྱས་པ་རེད།ཀྲུང་གོ་ཕྱོགས་ཀྱིས་མིག་སྔར་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་སྙན་ཞུར་དཔྱད་དཔོག་བྱེད་བཞིན་ཡོད་པ་མ་ཟད།འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་རྩོད་གླེང་ཐག་གཅོད་བྱེད་པའི་གོ་རིམ་གཞིར་བཟུང་རྗེས་མཐུད་ལས་དོན་ཡག་པོ་བསྒྲུབ་རྒྱུ་རེད་ཅེས་བརྗོད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག