མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིང་གིས་འབོ་གསེར་རྒྱལ་ཁབ་ཀྱི་ནུས་པ་མཐོ་ཚད་གསར་རྐྱང་ཞིག་ཏུ་སླེབས་པ་བྱེད་དགོས་ཞེས་བརྗོད་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-18 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་15ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་པར་ཙིར་དུ་འཚོག་རྒྱུའི་འབོ་གསེར་རྒྱལ་ཁབ་ཀྱི་དབུ་ཚོགས་ཐོག་ཞུགས་རྒྱུ་ཡིན་ཞིང་།ཕུའུ་ཅིང་གིས་མ་ཕེབས་གོང་ཨུ་རུ་སུའི་ཐ་སི་གསར་འགྱུར་ཁང་གི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། ཁོང་གིས་འབོ་གསེར་རྒྱལ་ཁབ་ཀྱི་ནུས་པ་མཐོ་ཚད་གསར་རྐྱང་ཞིག་ཏུ་སླེབས་པ་བྱེད་དགོས་ཞེས་བརྗོད་པ་རེད།

དམིགས་ཚད་དེ་འགྲུབ་ཆེད་ཕུའུ་ཅིང་གིས་གྲོས་འགོ་གསུམ་བཏོན་པ་སྟེ།གཅིག་ནས་འབོ་གསེར་རྒྱལ་ཁབ་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་འོག་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་རྒྱུར་མཉམ་ལས་བྱས་ནས་རྒྱལ་ཁབ་ལ་ལས“རང་འདོད་དང་མ་མཐུན་པའི་ལམ་ལུགས་མེད་པ་བཟོ་བའི་བྱེད་སྟངས”དང“ཕྱོགས་རྐྱང་པ་ནས་ཉམས་ཉེན་སེལ་རྒྱུར་སྐུལ་མ་གཏོང་བའི་བྱེད་ཕྱོགས” རྒྱལ་སྤྱིའི་སྤྱི་ཚོགས་ལ་བཙན་ཤེད་ཀྱིས་སྦྱར་བའི་བྱེད་སྤྱོད་བཅས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། གཉིས་ནས་འཇིགས་སྐུལ་ལ་ཁ་གཏད་གཅོག་པ་དང་བདེ་འཇགས་ཀྱི་འགྲན་སློང་ཐད་འབོ་གསེར་རྒྱལ་ཁབ་དབར་གྱི་སྲིད་ཇུས་གཅིག་མཐུན་ཡོང་བར་ཤུགས་སྣོན་སྔར་ལྷག་རྒྱག་དགོས་ཤིང་། དེའི་ནང་འཇིགས་རྒོལ་གྱི་གྲོས་མོལ་ལམ་སྲོལ་སྤྱད་དེ་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་རྒྱུ་ཚུད་ཡོད། གསུམ་ནས་སའི་གོ་ལའི་ཆ་འཕྲིན་ཁྱབ་ཁོངས་ནང་འགན་འཁུར་བའི་བྱ་སྤྱོད་ལམ་སྲོལ་ཞིག་བཟོ་རྒྱུར་སྐུལ་མ་བཏང་ནས་དེ་དག“རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་བཀུར་ཞུ་བ་དང་། རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ། མི་དབང་དང་རང་དབང་ལ་བརྩི་འཇོག་བྱེད་པའི”རྩ་དོན་ལ་སྲུང་བརྩི་ནན་ཏན་ཞུ་བ་མ་ཟད། རྒྱལ་ཁབ་ཚང་མ་མཉམ་འགུལ་དྲ་རྒྱའི་དོ་དམ་ནང་ཞུགས་པའི་འདྲ་མཉམ་གྱི་ཁེ་དབང་འགན་ལེན་ཐུབ་པ་བྱེད་དགོས་པ་བཅས་ཡིན།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག