མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གི་སྤྱི་ཁྱབ་པུའུ་ཧྲང་ཧའེ་རུ་བཙུགས་པ་ལས་ཀྲུང་གོའི་འགན་འཁྲི་འཁུར་ཤུགས་མངོན་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-18 11:07

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་15ཉིན་འབོ་གསེར་རྒྱལ་ཁབ་ཀྱིས《ཕུའུ་ཐ་ལའེ་སའི་བསྒྲགས་གཏམ》སྤེལ་བའི་ནང་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གསར་པའི་ཐོག་མའི་མ་དངུལ་ཨ་སྒོར་དུང་ཕྱུར་1000ཟིན་པ་དང་འཛུགས་མཁན་ཁོངས་མིའི་རྒྱལ་ཁབ་5ཡིས་ཆ་སྙོམས་ཐོག་མ་རྩ་བཏོན་པ་དང་སྤྱི་ཁྱབ་པུའུ་ཀྲུང་གོའི་ཧྲང་ཧའེ་རུ་བཙུགས་ཡོད་པའི་ཁྱབ་བསྒྲགས་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན། ཚེས་15ཉིན་ཀྲུང་གོ་དང་། པར་ཙིར། ཨུ་རུ་སུ། རྒྱ་གར། ལྷོ་ཨ་ཧྥེ་རི་ཁ་བཅས་ཀྱིས་པར་ཙིར་ཕུའུ་ཐ་ལའེ་ས་རུ་གྲོས་ཆོད་ལ་མིང་རྟགས་བཀོད་ནས་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་བཙུགས་པ་དང་འབོ་གསེར་རྒྱལ་ཁབ་ཀྱི་མྱུར་མཁོའི་གྲབས་གསོག་བཀོད་སྒྲིག་བྱས་པ་རེད།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གོ་ལ་ཧྲིལ་པོ་བཅོས་སྐྱོང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཧོང་ཝུའེ་ཡིས་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་གིས་འབོ་གསེར་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་རྒྱབ་སྐྱོར་བྱ་རྒྱུར་སྔོན་ལ་བསམ་བློ་བཏང་ཡོད།ན་ནིང་ལྷོ་ཨ་ཧྥེ་རི་ཁའི་ཏེ་པན་དབུ་ཚོགས་ཐོག་ས་གནས་ཀྱི་ས་ཁོངས་རང་བཞིན་གྱི་རྩ་འཛུགས་ཁག་གཅིག་འབོ་གསེར་རྒྱལ་ཁབ་ཀྱི་གླེང་མོལ་གྲོས་རིམ་ནང་བཅུག་ཡོད།འབོ་གསེར་རྒྱལ་ཁབ་ལྔས་ཀྱང་དེ་བས་ལྕི་བའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འོས་འགན་འཁུར་ནས་གསར་དར་དཔལ་འབྱོར་དངོས་ཚན་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་སྣེ་འཁྲིད་དེ་མཉམ་དུ་ཕྱུག་པོ་ཆགས་པ་བྱ་རྒྱུ་ཡིན་པའི་ངོས་འཛིན་བྱས་པ་རེད།

འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་ལས་ཀྲུང་གོར་དཔལ་འབྱོར་གྱི་ཁེ་ཕན་ཐོབ་པ་དང་དུས་མཚུངས་ཕུགས་ཕན་གྱི་འཐབ་ཇུས་ཁེ་ཕན་ཡང་ཐོབ་ཡོད།ཧྲང་ཧའེ་རྒྱལ་སྤྱིའི་གནད་དོན་ཞིབ་འཇུག་ཁང་འཛམ་གླིང་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་ལས་འཛིན་སུའོ་ཀྲང་ཀྲང་ཧའེ་པིང་གིས་ཀྲུང་གོ་འདི་ཉིད་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་གྲས་གཉིས་པར་གྱུར་ཟིན་པས་རྒྱལ་སྤྱིའི་གར་སྟེགས་ཐོག་གསར་དར་རྒྱལ་ཁབ་ཆེ་གྲས་ཤིག་གི་གཟུགས་བརྙན་ཇི་འདྲ་ཞིག་མངོན་པ་བྱ་རྒྱུ་དེ་ཀྲུང་གོ་རང་ངོས་འཕེལ་རྒྱས་འགྲོ་རྒྱུ་དང་འབྲེལ་བ་ཡོད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་ཡང་འབྲེལ་བ་ཡོད།ཀྲུང་གོས་འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་འཛུགས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཐད་དངོས་དངོས་རྗེན་རྗེན་གྱི་ལེགས་སྐྱེས་ཕུལ་བ་དེ་ནི་ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འདོན་སྤེལ་བྱེད་པའི་གོ་སྐབས་བཟང་པོ་ཞིག་རེད།དེ་དང་ཆབས་ཅིག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཀྲུང་གོས་ཉམས་མྱོང་དང་ལེགས་ཆ་འབོར་ཆེན་བསགས་ཡོད།འབོ་གསེར་རྒྱལ་ཁབ་ཀྱི་གསར་སྤེལ་དངུལ་ཁང་བཙུགས་པ་དེས་རྒྱལ་ཁབ་གཞན་དག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་ཐེབས་རྒྱུ་མ་ཟད་ཀྲུང་གོའི་ཉམས་མྱོང་མཉམ་སྤྱོད་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཀྱང་ཡིན་པ་དེ“ཕྱིར་སྐྱོད་པའི”ཀྲུང་གོའི་འཐབ་ཇུས་དང་མཐུན་ཡོད་པའི་ངོས་འཛིན་བྱས་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག