མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཨོ་པཱ་མཱ་ལ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་གནས་ཚུལ་སྙན་ཞུ་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-17 10:50

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་སྲིད་གཞུང་གི་མཐོ་རིམ་དཔོན་པོ་ཞིག་གིས་ཚེས་བཅུ་དྲུག་ཉིན་ཝེ་ཡེ་ནཱ་ནས་བསྟན་དོན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ལ་ད་ལྟ་སྤེལ་བཞིན་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་གནས་ཚུལ་སྙན་ཞུ་བྱས་པར་མ་ཟད། གྲོས་མོལ་གྱི་མདུན་ལྗོངས་ལ་གྲོས་བསྡུར་བྱས་ཟེར།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་སྐོར་ཐེངས་དྲུག་པས་ཟླ་འདིའི་ཚེས་བཅུ་གསུམ་ཉིན་ནས་བཟུང་ཕྱོགས་མང་བོ་དང་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་བློན་ཆེན་རིམ་པའི་གྲོས་མོལ་རབ་དང་རིམ་པ་སྤེལ། ཚེས་བཅུ་གསུམ་ཉིན་གྱི་ཚུན་ལ། ཁི་ལེ་ཡིས་དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་དང་གྲོས་མོལ་བྱས། དེའི་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕྱོགས་གཉིས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་གྱི་གནད་འགག་གི་གནད་དོན་ཁག་ཅིག་གི་ཐད་ནས་གྲུབ་འབྲས་བླངས་ཡོད་ཀྱང་། གནད་འགག་གི་གནད་དོན་རེ་འགའ་སྔར་བཞིན་ཐག་གཅོད་བྱས་མེད་ཟེར།

ཨ་མེ་རི་ཁའི་དཔོན་རིགས་དེས་མཚམས་སྦྱོར་བྱས་པ་ལྟར་ན། ཁི་ལེ་ཚེས་བཅོ་ལྔ་ཉིན་ཝ་ཧྲིན་ཏོན་དུ་ཡོང་ནས་ཨོ་པཱ་མཱ་ལ་ཝེ་ཡེ་ནཱ་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་ལ་ཞུགས་པའི་གནས་ཚུལ་སྙན་ཞུ་བྱས་པར་མ་ཟད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མོལ་དེའི་མདུན་ལྗོངས་ལ་གྲོས་བསྡུར་བྱས་ཟེར།

མིག་སྔར་ཉིང་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཐད་ནས་གྲོས་མཐུན་འགོད་པའི་དུས་ཡུན་ལ་ཉིན་བཞི་ལས་མེད་པ་དང་། ཕྱི་འབྲེལ་དཔོན་པོ་ལ་ལས་གསར་འགོད་པར་བཤད་རྒྱུར། གནད་འགག་གི་གནད་དོན་རེ་འགའ་ཐག་གཅོད་བྱས་མེད་པས། གྲོས་མོལ་གྱི་དུས་ཡུན་ཇེ་རིང་དུ་གཏོང་སྲིད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག