ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་ནས་ཚེས་བཅུ་དྲུག་ཉིན་གྲོས་ཆོད་བཀོད་དེ། ལི་ཐའོ་ཝན་རྒྱལ་ཁབ་དེ་ཉིས་སྟོང་བཅོ་ལྔ་ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་དངོས་སུ་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་ནང་ལེན་པར་འཐད་པ་བྱུང་།
ཡོ་རོབ་གླིང་གྲོས་ཁང་གིས་ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ལི་ཐའོ་ཝན་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་ནང་ལེན་པའི་སྐོར་གྱི་གྲོས་གཞི་ལ་བརྡས་ཐག་བཅད་པ་དང་། འདེམ་ཤོག་ལྔ་བརྒྱ་དང་ཞེ་ལྔ་འཐད་པ་བྱུང་བ་དང་། འདེམ་ཤོག་བརྒྱ་དང་བཅུ་དྲུག་གིས་ངོ་རྒོལ་བྱས། འདེམ་ཤོག་སོ་བཞི་ཡིས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་གྲོས་གཞི་དེར་གྲོས་འཆམ་བྱུང་བ་རེད།
ཡོ་རོབ་གླིང་མནའ་འབྲེལ་གྱི་འབྲེལ་ཡོད་ཁྲིམས་སྲོལ་ལྟར་ན། ཡོ་རོབ་གླིང་གྲོས་ཁང་གིས་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་ནང་ཞུགས་པར་རེ་ཞུ་བྱས་པའི་རྒྱལ་ཁབ་ཀྱི་ཐོབ་ཐང་ལ་ཞིབ་བཤེར་དང་གྲོས་གཞི་འདོན་པའི་དབང་ཆ་ཡོད། རྒྱུས་ལོན་བྱུང་བ་ལྟར་ན། ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱིས་ཟླ་བདུན་པའི་ཚེས་ཉེར་གསུམ་ཉིན་མཇུག་མཐའི་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་། གལ་ཏེ་ཆོག་མཆན་ཐོབ་ན། ལི་ཐའོ་ཝན་དེ་ཡོ་རོབ་གླིང་གི་སྒོར་མོ་བཀོལ་བའི་ས་ཁུལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཨང་བཅུ་དགུ་བར་འགྱུར་ངེས་རེད། །