ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡཱའི་ད་ལྟའི་ཙུང་ཐུང་པཱ་ཧྲ་ཨར་གྱིས་ཚེས་བཅུ་དྲུག་ཉིན་དམ་བཅའ་བཞག་སྟེ་རྒྱལ་ཁབ་དེའི་ཙུང་ཐུང་གི་འགན་ཁུར་ནས། ཁོའི་ཙུང་ཐུང་གི་འགན་ཡུན་ཐེངས་གསུམ་པ་དངོས་སུ་མགོ་བརྩམས།
པཱ་ཧྲ་ཨར་གྱིས་དམ་བཅའ་འཇོག་པའི་མཛད་སྒོ་གྲོལ་རྗེས་རྒྱབ་སྐྱོར་མཁན་ལ་གཏམ་བཤད་སྤེལ། ཁོས་མུ་མཐུད་དུ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་བཏང་སྟེ། སི་རི་ཡཱའི་བདེ་འཇགས་སླར་གསོ་བྱེད་རྒྱུ་ཁས་ལེན་བྱས།
པཱ་ཧྲ་ཨར་གྱིས་ད་རུང་བསྟན་དོན། ནུབ་ཕྱོགས་དང་ཨ་རབ་རྒྱལ་ཁབ་དག་གིས་འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱས་པར་འགྲོ་སོང་ཆེན་པོ་གཏོང་དགོས་ཟེར། ཁོས་བཤད་རྒྱུར། འཇིགས་སྐུལ་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པའི་ཨ་རབ་དང་ནུབ་ཕྱོགས་རྒྱལ་ཁབ་དག་གིས་དེའི་ཐད་འགྲོ་སོང་ཆེན་པོ་གཏོང་སྲིད་པ་མི་འགྱངས་པར་ཀུན་གྱིས་མཐོང་སྲིད་ཟེར།
སི་རི་ཡཱའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་དེ་ཟླ་དྲུག་པའི་མགོ་སྤེལ་བ་དང་། དེའི་སྔོན་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་རྒྱལ་ཁབ་དག་གི་མགོ་ཁྲིད་པས་འདེམ་ཤོག་འཕང་བར་རྒོལ་གཏམ་བཏང་། ཨ་མེ་རི་ཁ་དང་བཅས་པའི་ནུབ་ཕྱོགས་རྒྱལ་ཁབ་མང་བོས་འདེམ་བསྐོའི་མཇུག་འབྲས་དེ་ཁས་ལེན་བྱེད་རྩིས་མེད་པའི་ཚུལ་བསྟན། །