ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་ཚེས་14ཉིན་ཨོ་སི་ཁྲུ་ལི་ཡའི་འགོ་ཁྲིད་ཀྱི་རི་པིན་དང་འབྲེལ་བ་ཡོད་པའི་གཏམ་བརྗོད་ཐད་གསར་འགོད་པའི་དྲི་བར་ལན་འདེབས་སྐབས་གནས་ཚུལ་སྤེལ་བ་དངོས་གནས་ཡིན་ཚེ་གཞུང་དྲང་ལྡན་པའི་མི་ཞིག་ཡིན་ཕྱིན་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱི་འགོ་ཁྲིད་པའི་གཏམ་བརྗོད་ལ་མོས་མཐུན་བྱེད་མི་སྲིད་ཅེས་བརྗོད་པ་རེད།
གསར་འགོད་པ་ཞིག་གིས།གནས་ཚུལ་སྤེལ་བར་གཞིགས་ན།ཨོ་སི་ཁྲུ་ལི་ཡའི་འགོ་ཁྲིད་ཀྱིས་ཉེ་ཆར་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨོ་སི་ཁྲུ་ལི་ཡར་འཚམས་འདྲི་བྱེད་རིང་ཨོ་སི་ཁྲུ་ལི་ཡའི་མི་དམངས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཀྱི་རི་པིན་གྱི་བྱ་སྤྱོད་ལ་ཁས་ལེན་མི་བྱེད་རུང་དམག་འཁྲུག་ཁྲོད་ཀྱི་རི་པིན་བའི་རྩལ་ནུས་དང་དེ་བཞིན་ལས་འགན་སྒྲུབ་པའི་གཟི་བརྗིད་བསམ་པར་ཧ་ཅང་ཡིད་སྨོན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་པ་དང་།གཏམ་བརྗོད་དེར་ཨོ་སི་ཁྲུ་ལི་ཡའི་རྒྱལ་ནང་དུ་རྩོད་གླེང་བྱུང་ཡོད་པས་ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲི་བ་བཏོན་པ་རེད།དེའི་ཐད་ཧུང་ལེས་དམག་ཆེན་གཉིས་པའི་སྐབས་སུ་རི་པིན་ཧྥ་ཤིས་སི་བཙན་འཛུལ་པས་ཨོ་སི་ཁྲུ་ལི་ཡའི་མི་དམངས་ཚུད་པའི་རྒྱལ་ཁབ་མང་པོའི་མི་དམངས་ལ་སྡུག་བསྔལ་ཚབས་ཆེན་བཟོས་ཡོད་པ་དང་།དེའི་བཙན་འཛུལ་བྱེད་ཐབས་ནི་ཧ་ཅང་གདུག་རྩུབ་ཆེ་བ་མི་གཤིས་ལས་རྦད་དེ་བྲལ་བ་ཞིག་རེད།གལ་ཏེ་གནས་ཚུལ་སྤེལ་བ་དེ་དངོས་འབྲེལ་ཡིན་ཚེ་གཞུང་དྲང་ལྡན་པའི་མི་ཞིག་ཡིན་ཕྱིན་ཨོ་སི་ཁྲུ་ལི་ཡ་ཕྱོགས་ཀྱི་འགོ་ཁྲིད་པའི་གཏམ་བརྗོད་དེར་མོས་མཐུན་བྱེད་མི་སྲིད་ཅེས་ལན་བཏབ་པ་རེད། །