མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་གིས་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐད་ཨ་རི་དང་མུ་མཐུད་གྲོས་མོལ་བྱེད་རེ་ཡོད་ཅེས་བཤད་པ།

  ཡོང་ཁུངས། བོད་ལྗོངས་གསར་འགྱུར་དྲ་བ།  2014-07-16 11:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་13ཉིན་གྱི་མཚན་མོ་དབྱི་རན་གྱི་ཕྱི་འབྲེལ་པུའུ་ཀྲང་ཀྲ་ལི་ཕུའུ་ཡིས་ཨོ་སི་ཁྲུ་རི་ཡའི་རྒྱལ་ས་ཝི་ཨེན་ན་རུ་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐད་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལི་དང་གྲོས་མོལ་བྱས་རྗེས་དབྱི་རན་དང་ཨ་རིའི་དབར་གནད་དོན་དེའི་ཐད་མུ་མཐུད་ཕྱོགས་གཉིས་པོའི་གྲོས་མོལ་བྱེད་སྲིད་ཅེས་བཤད་པ་རེད། ཀྲ་ལི་ཕུའུ་ཡིས་ང་དང་ཁེ་ལི་དབར་གྱི་གྲོས་མོལ་ལ་ཞིབ་ཕྲའི་འཕེལ་རིམ་བྱུང་མེད་མོད། འོན་ཀྱང་ཕྱོགས་གཉིས་པོས་དབྱི་རན་གྱི་ཉིང་རྡུལ་གནད་དོན་ཐག་གཅོད་ཀྱི་ཇུས་གཞི་འཚོལ་ཞིབ་ཧུར་ཐག་བྱེད་པའི་བསམ་འདུན་མངོན་ཡོད་ཅེས་བཤད་ཅིང་། ཁོང་གིས“ང་ཚོས་ད་ལྟ་དམར་ཐིག་གི་དབྱེ་མཚམས་མི་གཅོད་པར་ཐབས་ཤེས་གསར་པ་བརྒྱུད་ཐུན་མོང་ཐོག་ཐག་གཅོད་ཀྱི་ཇུས་གཞི་འཚོལ་ཞིབ་བྱེད་དགོས”ཞེས་བཤད་པ་རེད།ཚེས་13ཉིན་གྱི་དབྱི་རན་གྱི་ཉིང་རྡུལ་གནད་དོན་གྲོས་མོལ་གྱི་ཕྱི་འབྲེལ་པུའུ་ཀྲང་རིམ་པའི་གྲོས་མོལ་ཁྲོད་ཞུགས་པའི་དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀོ་ཡིས་ཚོགས་འདུ་གྲོལ་རྗེས་དེ་ཉིན་གྱི་གྲོས་མོལ་ལ་ཚད་བརྒལ་གང་ཡང་བྱུང་མེད་པ་དང་རྒྱལ་ཁབ་དྲུག་པོ(ཨ་རི་དང་།དབྱིན་ཇི།ཧྥ་རན་སེ།ཨུ་རུ་སུ།ཀྲུང་གོའཇར་མན)དང་དབྱི་རན་དབར་གྱི་ཡུའུ་གར་བཟོ་སོགས་ལྟེ་བའི་གནད་དོན་ཐད་སྔར་བཞིན་ལྟ་བ་མི་མཐུན་པ་ཡོད་ཅེས་སྨྱན་སྦྱོར་ལ་བཤད་པ་རེད།འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་ཧྲི་ཐའེ་དབྱིན་མའེ་འར་གྱིས་ཚོགས་འདུ་གྲོལ་རྗེས་དབྱི་རན་ལ་གྲོས་མོལ་ཁྲོད་གཟུར་བཤོལ་བྱེད་དགོས་པའི་འབོད་སྐུལ་བྱས་པ་དང་།ཁོང་གིས་རྒྱལ་ཁབ་དྲུག་པོས་ལྟ་བ་གཅིག་མཐུན་གྱི་ཐོག་ནས་སླར་ཡང་ཐག་གཅོད་ཇུས་གཞི་ཚང་མ་བཏོན་ཡོད་པ་དང་ད་ཆ་གདམ་ག་བྱེད་དབང་དབྱི་རན་ལ་ཡོད་པས་ཚང་མ་དབྱི་རན་ལ་རག་ལུས་ཡོད་ཅེས་བཤད་པ་རེད།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག