མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལི་པུ་ཡཱ་ནས་ལས་བྱེད་མི་སྣ་ཕྱིར་འཐེན་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-15 10:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་ཚེས་བཅུ་བཞིའི་ཉིན་གསལ་སྒྲོག་སྤེལ་ཏེ། བདེ་འཇགས་ལ་བསམ་བློ་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་གནས་སྐབས་སུ་ལི་པུ་ཡཱ་རུ་སྡོད་པའི་ལས་བྱེད་མི་སྣ་ཕྱིར་འཐེན་བྱས་ཡོད་ཟེར།

གསལ་སྒྲོག་ལས་བཤད་རྒྱུར། ལི་པུ་ཡཱའི་བདེ་འཇགས་གནས་བབ་མུ་མཐུད་དུ་ཇེ་སྡུག་ལ་སོང་བའི་དབང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་གཟའ་འཁོར་གཅིག་གི་སྔོན་ནས་ལི་པུ་ཡཱ་རུ་སྡོད་པའི་མི་སྣ་སྐོར་ཞིག་ཕྱིར་འཐེན་བྱས་ཡོད་ཟེར། ཚེས་བཅུ་གསུམ་ཉིན་ནས་བཟུང་ལི་པུ་ཡཱའི་དམངས་དམག་དྲག་ཆས་པས་རྒྱལ་ས་ཏི་ལེ་པའོ་ལི་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་དྲག་ཆས་འཁྲུག་རྩོད་བྱས་ཏེ། གནམ་གྲུའི་ཐང་བཙན་གྱིས་སྒོ་བརྒྱབ་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་བལྟས་ན། ལི་པུ་ཡཱ་ལ་གྲོས་གཞི་དང་ལག་རྩལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱེད་པའི་ལས་འགན་ཡོངས་འགྲུབ་བྱེད་ཐབས་མེད་པ་དང་། ལས་བྱེད་མི་སྣའི་བདེ་འཇགས་དང་རང་དབང་གི་འགུལ་སྐྱོད་ལ་འགན་སྲུང་བྱེད་ཐབས་མེད་པར་བསམ་ཡོད། གསལ་སྒྲོག་ལས་ད་རུང་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་གནས་སྐབས་སུ་ལས་བྱེད་མི་སྣ་ཕྱིར་འཐེན་བྱས་པ་ཡིན་ལ། བདེ་འཇགས་ཆ་རྐྱེན་ཇེ་ལེགས་སུ་སོང་ན། གང་མགྱོགས་ཀྱིས་ཕྱིར་ལི་པུ་ཡཱ་རུ་ལོག་ངེས་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག