མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ཨིར་ལན་སྔོན་ཆད་ཀྱི་ཙུང་ཐུང་ནམ་ཟླའི་འགྱུར་ལྡོག་གནད་དོན་གྱི་ཆེད་མངག་ཕོ་ཉར་བསྐོ་འཇོག་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-15 10:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཅུ་བཞིའི་ཉིན་ཁོའི་མགྲིན་ཚབ་པ་བརྒྱུད་དེ་གསལ་སྒྲོག་སྤེལ་ནས། ཨིར་ལན་སྔོན་ཆད་ཀྱི་ཙུང་ཐུང་ལུའུ་པེན་ཞོན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ནམ་ཟླའི་འགྱུར་ལྡོག་གནད་དོན་གྱི་ཆེད་མངག་ཕོ་ཉར་བསྐོ་འཇོག་བྱས་པ་ཁྱབ་སྒྲོག་བྱས།

གསལ་སྒྲོག་ལས་བཤད་རྒྱུར། ལུའུ་པེན་ཞོང་གིས་ཉེ་སྔོན་བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོར་བསྐོ་འཇོག་བྱས་པའི་ནོར་ཝེ་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན་སི་ཐའོ་ཨར་ཐིན་པེ་ཀི་ཡི་ལས་འགན་དང་ལེན་བྱེད་རྒྱུ་རེད། ཁོ་མོས་དེའི་སྔོན་ཕན་ཅི་ཝུན་གྱིས་ནམ་ཟླའི་འགྱུར་ལྡོག་གནད་དོན་གྱི་ཆེད་མངག་ཕོ་ཉར་བསྐོ་འཇོག་བྱས་པའི་ཀ་ནཱའི་སྔོན་ཆད་ཀྱི་ཙུང་ཐུང་ཁུའུ་ཧྥུའུ་ཨར་དང་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཉིག་ཡོ་གྲོང་ཁྱེར་གྱི་ཧྲི་ཀྲང་པུའུ་ལུང་པའོ་ཀི་གཉིས་དང་རོགས་ལས་ཟབ་མོ་བྱས་ཏེ། ཉིས་སྟོང་བཅུ་བཞི་ལོའི་ནམ་ཟླའི་འགྱུར་ལྡོག་གི་མཐོ་རིམ་གྲོས་ཚོགས་དེ་ད་ལོའི་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན་ཉིག་ཡོ་གྲོང་ཁྱེར་ནས་མ་ཚོགས་གོང་། ཆབ་སྲིད་རེ་འདོད་དང་འགུལ་སྐྱོད་ལ་སྐུལ་སློང་བྱེད་རྒྱུ་རེད།

གསལ་སྒྲོག་ལས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ལུའུ་པེན་ཞོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ཨ་ཧྥེ་རི་ཁ་གླིང་མཚོ་ཆེན་ས་ཁུལ་གྱི་གནད་དོན་གྱི་ཆེད་མངག་ཕོ་ཉའི་འགན་ཁུར་སྐབས་ཀྱི་བྱ་བར་གཟེངས་བསྟོད་བྱས་པ་དང་། ཁོ་མོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་མཚོ་ཆེན་ས་ཁུལ་གྱི་འཁྲུག་རྩོད་ཐག་གཅོད་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ། བུད་མེད་དང་བཅས་པའི་ཚོགས་ཁག་གི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་ཐད་རྒྱབ་སྐྱོར་ཡོང་བར་སྐུལ་སློང་བྱེད་པའི་ཐད་བྱས་རྗེས་བཞག་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག