མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་རང་དབང་ཉོ་ཚོང་གྲོས་མོལ་སྐོར་ཐེངས་དྲུག་པ་སྤེལ་མགོ་བརྩམས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-15 10:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་དང་ཨ་མེ་རི་ཁས་ཚེས་བཅུ་བཞིའི་ཉིན་པུའུ་ལུའུ་སེར་ནས་དུས་ཡུན་ཉིན་ལྔའི་རིང་གི་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་སྐོར་ཐེངས་དྲུག་པ་སྤེལ་མགོ་བརྩམས། ཕྱོགས་གཉིས་ཀྱིས་སྒོ་ཁྲལ་ཇེ་ཉུང་དུ་གཏོང་བ་དང་ལག་རྩལ་ཚད་ལྡན། གྲོས་ཞིབ་ལས་རིམ་སོགས་གནད་དོན་ཐད་ནས་མུ་མཐུད་དུ་གྲོས་མོལ་བྱེད་རྒྱུ་རེད།

ཡོ་རོབ་གླིང་མནའ་འབྲེལ་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་པེ་ཨར་སེ་ལོ་དང་ཨ་མེ་རི་ཁའི་དབུ་བཞུགས་གྲོས་མོལ་འཐུས་མི་མཱ་ལཱ་ནེ་གཉིས་ཀྱིས་ཉིན་དེར་པུའུ་ལུའུ་སེར་ནས་ཐུག་འཕྲད་བྱས་ཏེ། ནུབ་ཀྱི་རྒྱ་མཚོ་ཆེན་མོ་བརྒལ་བའི་ཉོ་ཚོང་དང་དངུལ་གཏོང་གྲོགས་པོའི་འབྲེལ་བའི་གྲོས་ཆོད་ཀྱི་གྲོས་མོལ་སྐོར་ཐེངས་དྲུག་པ་དངོས་སུ་སྤེལ་མགོ་བརྩམས།

མུ་མཐུད་དུ་སྒོ་ཁྲལ་ཇེ་ཉུང་དུ་གཏོང་བའི་གནད་དོན་ལ་གྲོས་བསྡུར་བྱས་པ་ལས་གཞན། སྐོར་ཐེངས་འདིའི་གྲོས་མོལ་ནས་ཕྱོགས་གཉིས་ཀྱི་ལག་རྩལ་ཚད་དང་ཚད་གཞི། གྲོས་ཞིབ་ལས་རིགས་སོགས་ཐད་ཀྱི་བར་ཁྱད་དང་བཀག་རྒྱར་དོ་སྣང་བྱས། ཞོར་དུ་ཕྱོགས་གཉིས་ཀྱིས་ད་རུང་ཕན་ཚུན་བར་ཞབས་ཞུ་དང་། དངུལ་གཏོང་། སྲིད་གཞུང་གི་ཉོ་སྡུད་སོགས་ཚོང་རའི་ཁྱབ་ཁོངས་སྒོ་འབྱེད་བྱེད་པར་གྲོས་བསྡུར་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག