མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཀྲུང་གོ་དང་ཧན་གོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་སྐོར་ཐེངས་བཅུ་གཉིས་པ་ཧན་གོ་ནས་སྤེལ།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-15 10:13

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་དང་ཧན་གོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་སྐོར་ཐེངས་བཅུ་གཉིས་པ་ཚེས་བཅུ་བཞིའི་ཉིན་ཧན་གོ་ནས་སྤེལ། ཀྲུང་གོའི་ཚོང་དོན་པུའུ་ཡི་པུའུ་ཀྲང་ལས་རོགས་པ་བང་ཧྲིག་ཝུན་དང་ཧན་གོའི་ཐོན་ལས་ཚོང་འགྲིམ་ཐོན་ཁུངས་པུའུ་ཡི་པུའུ་ཀྲང་ལས་རོགས་པ་ཡུས་ཐེ་ཞེ་གཉིས་ཀྱིས་འཐུས་ཚབ་ཚོགས་པ་ཁྲིད་དེ་གྲོས་མོལ་ལ་ཞུགས།

གྲོས་མོལ་གྱི་དུས་ཡུན་གཟའ་འཁོར་གཅིག་ཡིན་པ་དང་། ཕྱོགས་གཉིས་ཀྱིས་དངོས་ཟོང་ཉོ་ཚོང་དང་ཞབས་ཞུའི་ཉོ་ཚོང་། དངུལ་གཏོང་། ཐོན་ཡུལ་གྱི་སྒྲིག་སྲོལ། ཉོ་ཚོང་རྒུད་སྐྱོབ། ལག་རྩལ་རང་བཞིན་གྱི་ཉོ་ཚོང་བཀག་རྒྱ། འཕྲོད་བསྟེན། སྐྱེ་དངོས་འཕྲོད་བསྟེན་གྱི་བྱེད་ཐབས། ཤེས་བྱའི་ཐོན་དབང་སོགས་གྲོས་གཞིའི་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད།

ཀྲུང་གོ་དང་ཧན་གོའི་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་དེ་ཉིས་སྟོང་བཅུ་གཉིས་ལོའི་ཟླ་ལྔ་བར་དངོས་སུ་མགོ་བརྩམས་པ་དང་། ད་ལྟ་ཐོག་མའི་དུས་རིམ་གྱི་གྲོས་མོལ་ཡོངས་འགྲུབ་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ཉེ་སྔོན་མཉམ་དུ་ཁྱབ་སྒྲོག་བྱས་དོན། མཉམ་དུ་འབད་བརྩོན་བྱས་ཏེ་ད་ལོའི་ལོ་མཇུག་གི་སྔོན་ལ་རང་དབང་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་ཡོངས་འགྲུབ་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག