མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-15 10:12

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་བཞིའི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་ཉིན་དེའི་དགོང་མོར་གྲོས་འདོན་གསལ་སྒྲོག་ཅིག་སྤེལ་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མྱུར་དུ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་ཟེར།

གྲོས་འདོན་གསལ་སྒྲོག་དེ་ལས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་མཚོ་སྐམ་མཁའ་གསུམ་གང་རུང་གི་དཔུང་འཇུག་བྱ་སྤྱོད་མཚམས་བཞག་སྟེ། མི་སྣ་དང་དངོས་པོའི་སྐྱེལ་འདྲེན་ལ་བདེ་འཇགས་འགན་སྲུང་འདོན་སྤྲོད་བྱེད་དགོས་པའི་སྐུལ་མ་བཏང་། གྲོས་འདོན་གསལ་སྒྲོག་དེ་ཚེས་བཅོ་ལྔ་ཉིན་གྱི་ཞོགས་པ་ནས་བཟུང་ནུས་ལྡན་དུ་འགྱུར་སྲིད་པ་དང་། འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དུས་ཚོད་བཅུ་གཉིས་ནང་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་དགོས་པའི་རེ་བ་བཏོན། ཞོར་དུ་ད་རུང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱི་འཐུས་ཚབ་ཚོགས་པས་དུས་ཚོད་ཞེ་བརྒྱད་ནང་ཁེ་རོ་ནས་ཨེ་ཅིབ་དང་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨེ་ཅིབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། གྲོས་འདོད་གསལ་སྒྲོག་དེ་ནི་ཨེ་ཅིབ་ཀྱིས་ས་ཁུལ་དང་རྒྱལ་སྤྱིའི་འབྲེལ་ཡོད་ཕྱོགས་སོ་སོར་འབྲེལ་འདྲིས་བྱས་རྗེས་བཏོན་པ་ཡིན་ཟེར། ཨེ་ཅིབ་ཀྱིས་འདས་པའི་གཟའ་འཁོར་གཉིས་ཀྱི་ནང་རིམ་པ་ཆེས་མཐོ་བའི་བར་འདུམ་སྤེལ་མགོ་བརྩམས་ཏེ། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་སྲིད་གཞུང་དང་། ཕཱ་ལེ་སི་ཐན་ནང་ཁུལ་གྱི་ཕྱོགས་སོ་སོར་འབྲེལ་འདྲིས་བྱས། གསལ་སྒྲོག་ལས་བཤད་རྒྱུར། གལ་ཏེ་གྲོས་འདོན་དེས་འཁྲུག་རྩོད་ལ་བཀག་འགོག་བྱེད་ཐུབ་ན། གནས་བབ་ཞི་འཇགས་སུ་གཏོང་བ་དང་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་ཡང་ནུས་པ་ཐོན་ཐུབ་པ་ཁོ་ཐག་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག