མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་དང་འཇར་མན་གྱི་མགོ་ཁྲིད་པས་ཝུའུ་ཁི་ལན་དང་ཨུ་རུ་སི། ཡོ་རོབ་གླིང་བཅས་ཕྱོགས་གསུམ་གྱི་འབྲེལ་གཏུག་ཚན་ཆུང་གི་གྲོས་མོལ་མྱུར་དུ་སླར་གསོ་བྱེད་དགོས་པའི་ཚུལ་བསྟན།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-14 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅུ་གསུམ་ཉིན་བསྟན་དོན། ཝུའུ་ཁི་ལན་དང་ཨུ་རུ་སི། ཡོ་རོབ་གླིང་བཅས་ཕྱོགས་གསུམ་གྱི་འབྲེལ་གཏུག་ཚན་ཆུང་གི་གྲོས་མོལ་མྱུར་དུ་སླར་གསོ་བྱེད་དགོས་ཟེར།

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་ཉིན་དེར་པཱ་ཞི་ལི་ཡོ་རི་ནེ་ལུའུ་ནས་བསྟན་དོན། མིག་སྔར་ཝུའུ་ཁི་ལན་གྱི་གནས་བབ་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་། ཝུའུ་ཁི་ལན་དང་ཨུ་རུ་སི། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་བཅས་ཕྱོགས་གསུམ་གྱི་འཐུས་མིས་གྲུབ་པའི་འབྲེལ་གཏུག་ཚན་ཆུང་གི་གྲོས་མོལ་མྱུར་དུ་སླར་གསོ་བྱེད་དགོས་ཟེར། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་བསྟན་དོན། ཝུའུ་ཁི་ལན་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་མྱུར་དུ་འཁྲུག་རྩོད་མཚམས་འཇོག་པ་དང་མི་གཏའ་བརྗེ་སྤོར་བྱེད་དགོས་ཟེར།

འཇར་མན་དང་ཧྥ་རན་སི། ཨུ་རུ་སི། ཝུའུ་ཁི་ལན་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་གཉིས་ཉིན་པའོ་ལིན་ནས་ཕྱོགས་བཞིའི་གྲོས་མོལ་སྤེལ་ཏེ། ཝུའུ་ཁི་ལན་དང་ཨུ་རུ་སི། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་བཅས་ཕྱོགས་གསུམ་གྱི་འཐུས་མིས་གྲུབ་པའི་འབྲེལ་གཏུག་ཚན་ཆུང་གིས་ཚེས་ལྔའི་སྔོན་ལ་གྲོས་མོལ་སླར་གསོ་བྱས་ཏེ། ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་དུས་ཡུན་རིང་བོར་ཆ་རྐྱེན་ཅི་ཡང་མེད་པར་འཁྲུག་རྩོད་མཚམས་འཇོག་ཏུ་འཇུག་པར་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་གྱིས་ཚེས་བདུན་ཉིན་བཤད་རྒྱུར། ཝུའུ་ཁི་ལན་དང་ཨུ་རུ་སི། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་བཅས་ཕྱོགས་གསུམ་གྱི་འབྲེལ་གཏུག་ཚན་ཆུང་གིས་ཚེས་དྲུག་ཉིན་ཅི་ཧྥུའུ་ནས་གྲོས་མོལ་བྱས་ཀྱང་། གྲོས་མོལ་ལ་གྲུབ་འབྲས་ཆེར་མ་བྱུང་བ་དང་། ཝུའུ་ཁི་ལན་གྱི་དམངས་ཁྲོད་དྲག་ཆས་པའི་འཐུས་མི་ཡང་ཞུགས་མེད་ཟེར།

ཝུའུ་ཁི་ལན་གྱི་ཙུང་ཐུང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་གཞོན་པ་ཆཱ་ལོས་ཀྱིས་ཚེས་དགུའི་ཉིན་བཤད་རྒྱུར། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་འཐུས་མི་དང་། ཝུའུ་ཁི་ལན་དུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་པ་ཙུའུ་ལཱ་པའོ་ཧྥུའུ། ཝུའུ་ཁི་ལན་གྱི་སྔོན་ཆད་ཀྱི་ཙུང་ཐུང་ཁུའུ་ཆི་མཱ་བཅས་ཀྱིས་གྲུབ་པའི་ཕྱོགས་གསུམ་གྱི་འབྲེལ་གཏུག་ཚན་ཆུང་གིས་མུ་མཐུད་དུ་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད་ཀྱང་། ད་ལྟ་ཡོད་ཚད་འཕེལ་རིམ་དེར་ཡར་སྐུལ་གཏོང་ཐུབ་པའི་ཕྱོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་རག་ལས་ཡོད་པ་དང་། འཇིགས་སྐུལ་ཉེས་ཅན་གྱིས་ངེས་པར་དུ་མཚོན་ཆ་བསྐྱུར་ནས་ནོར་འཆུག་ཁས་ལེན་བྱེད་དགོས་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག