མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔུང་སྡེས་ལི་པ་ནོན་གྱིས་དབྱི་སི་རལ་ལ་མེ་ཤུགས་འཕུར་མདེལ་འཕེན་གཏོང་བྱས་པར་རྒོལ་གཏམ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-14 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པ་ནོན་ལྷོ་རྒྱུད་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་སྐབས་དཔུང་སྡེའི་དམག་སྤྱི་སྲས་ལྷས་སྤྱི་ཚེས12ཉིན་གསལ་བསྒྲགས་སྤེལ་ཏེ། ལི་པ་ནོན་གྱིས་དབྱི་སི་རལ་ལ་མེ་ཤུགས་འཕུར་མདེལ་འཕེན་གཏོང་བྱས་པའི་བྱེད་སྟངས་དེ་ནི་ས་ཁུལ་གྱི་བརྟན་ལྷིང་ལ་གཏོར་བཤིག་བཏང་བ་ཞིག་རེད་ཅེས་རྒོལ་གཏམ་བཏང་ཡོད།

ལི་པ་ནོན་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས11ཉིན་གྱི་སྔ་དྲོ། ལི་པ་ནོན་ལྷོ་རྒྱུད་ནས་དབྱི་སི་རལ་ལ་མེ་ཤུགས་འཕུར་མདེལ་གཉིས་འཕེན་གཏོང་བྱས་ཡོད་པ་དང་། དབྱི་སི་རལ་གྱིས་འཕྲལ་མར་མེ་སྒྱོགས་རྒྱབ་ནས་འཁོན་ལན་སློག་ཡོད། ལི་པ་ནོན་གྱི་མངའ་ཁོངས་ནང་ཁྱོན་སྒྱོགས་མདེལ20ཙམ་ལྷུང་ཡོད་པ་རེད། སྲས་ལྷས་མེ་ཤུགས་འཕུར་མདེལ་འཕེན་མཁན་སུ་ཡིན་མིན་གང་མགྱོགས་རྩད་གཅོད་བྱེད་དགོས་པ་མ་ཟད། ཁོ་ཚོ་འཛིན་བཟུང་བྱེད་དགོས་ཞེས་ནན་བཏོན་བྱས་པ་དང་། ཁོང་གིས་ད་དུང་ལི་པ་ནོན་དང་དབྱི་སི་རལ་ཕྱོགས་གཉིས་པོས་བཟོད་སྒོམ་གང་ཡོད་བྱས་ཏེ་དུས་བབ་ཇེ་སྡུག་ཏུ་མི་འགྲོ་བ་བྱེད་དགོས་པའི་རེ་འབོད་བྱས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག