མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལི་པི་ཡའི་རྒྱལ་ས་ཏི་ལི་པོ་ལའི་མཚོ་འགྲམ་དུ་ཁྲིམས་འགལ་གནས་སྤོས་ཡུལ་མིའི་ཕུང་པོ12རྙེད་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-14 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལི་པི་ཡའི་འབྲེལ་ཡོད་སྡེ་ཁག་གིས་འདས་ཟིན་པའི་ཉིན་གཉིས་ནང་རྒྱལ་ས་ཏི་ལི་པོ་ལེའི་མཚོ་འགྲམ་དུ་ཁྲིམས་འགལ་གནས་སྤོས་ཡུལ་མིའི་ཕུང་པོ12རྙེད་ཡོད་པ་དང་། ཕུང་པོ་དེ་དག་སྤྱིའི་ཆ་ནས་རུལ་ཟིན་པ་དང་ངོས་འཛིན་ཐབས་བྲལ་བ་རེད།

དམག་འཁྲུག་མཇུག་སྒྲིལ་རྗེས་ལི་པི་ཡའི་བདེ་འཇགས་དུས་བབ་རྒྱུན་མཐུད་སྡུག་ཏུ་ཕྱིན་པ་དང་། སྲིད་གཞུང་དམག་དང་ཉེན་རྟོག་པའི་སྟོབས་ཤུགས་ཅུང་ཞན་པོ་ཡོད་པས། མཐའ་མཚམས་ལ་དོ་དམ་ནུས་ཡོད་བྱེད་ཐབས་བྲལ་ཡོད། དེར་བརྟེན། ས་ཧ་ལའི་ལྷོ་རྒྱུད་ཀྱི་ལྷོ་ཨ་ཧྥེ་རི་ཁ་གླིང་རྒྱལ་ཁབ་ནས་ཡོང་བའི་ཁྲིམས་འགལ་གནས་སྤོས་ཡུལ་མིས་ལི་པ་ནོན་དེ་བར་བརྒྱུད་ས་ཚིགས་སུ་བརྩིས་ནས། ས་དབུས་རྒྱ་མཚོ་བརྒྱུད་ཡོ་རོབ་གླིང་དུ་ལྐོག་འཛུལ་བྱེད་ཀྱི་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག