མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་རིའི་ཡུལ་དམག་གིས་ཨ་རི་དང་མོ་ཞི་ཁོའི་མཐའ་མཚམས་སུ་ཁྲིམས་འགལ་གནས་སྤོས་ཡུལ་མི་འཛིན་བཟུང་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-14 10:56

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིག་སྔར། སྲིད་གཞུང་ལ་ངོ་རྒོལ་དང་། གནས་སྤོས་ཡུལ་མིར་ངོ་རྒོལ་བྱེད་མཁན་གྱི་ཨ་རིའི་གཡོན་ཤོག་ཡུལ་དམག་ཚོགས་པ་ཁག་ཅིག་གིས་ཨ་རི་དང་མོ་ཞི་ཁོའི་འབྲེལ་མཚམས་ཁུལ་དུ་དྲག་ཆས་སྤྲད་དེ་སྐོར་ཞིབ་བྱེད་འགོ་ཚུགས་ཡོད། ཁོང་ཚོས། ཨ་རི་སྲིད་གཞུང་གིས་ཁྲིམས་འགལ་གནས་སྤོས་ཡུལ་མི་འབོར་ཆེན་རྒྱལ་ཁོངས་སུ་འཛུལ་བ་བཀག་འགོག་བྱེད་མི་ཐུབ་པ་ཡིན་ན། མང་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་གནད་དོན་དེ་ཐག་གཅོད་བྱས་ཏེ་ང་ཚོའི་མཐའ་མཚམས་སྲུང་བ་ལས་ཐབས་ཤེས་གཞན་མེད་ཅེས་བཤད་ཡོད།

གོང་དུ་ཞུས་པའི་དྲག་ཆས་ཡུལ་དམག་དེའི་འགོ་གཙོ་ནི་ལོ37ལ་སླེབས་པའི་ལྗིད་འདེགས་རླངས་འཁོར་གཏོང་མཁན་གྱི་ཁ་ལོ་བ་ཁེ་རུ་སི་ཏེ་ཝེ་ཟེར་བ་དེ་རེད། ཏ་ཝེ་སི་དེ་སྔ་ཨ་རིའི་སྐམ་དམག་ནང་ཞུགས་མྱོང་བ་དང་། ཁོ་པར་རྒྱབ་སྐྱོར་བྱེད་མཁན་ལ་རྒྱལ་གཅེས་པ་ཞེས་མཛེས་བཟོ་བྱས་ནས་འབོད་པ་དང་། ཁོང་ཚོས་སྤྱི་ཚོགས་འབྲེལ་གཏུགས་དྲ་ཚིགས་བརྒྱུད་རང་སོའི་ཤུགས་རྐྱེན་ཆེ་རུ་བཏང་བ་དང་། དང་བླངས་དམག་ཁྲི་༢བསྡུ་རྩིས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག