མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

དབྱིན་ཇི་དང་ཨ་མེ་རི་ཁ། ཧྥ་རན་སི། འཇར་མན་བཅས་ཀྱི་ཕྱི་འབྲེལ་བློན་ཆེན་གྱིས་ཝེ་ཡེ་ནཱ་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱེད་རྒྱུ་རེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-13 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་ཕྱི་འབྲེལ་བློན་ཆེན་ཧེ་ཀི་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། དབྱིན་ཇི་དང་ཨ་མེ་རི་ཁ། ཧྥ་རན་སི། འཇར་མན་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་བློན་ཆེན་གྱིས་ཚེས་བཅུ་གསུམ་ཉིན་ཝེ་ཡེ་ནཱ་ནས་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ལ་གྲོས་བསྡུར་བྱས་ཟེར།

ཧེ་ཀི་ཡིས་ཉིན་དེར་སོ་སོར་ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་དང་དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ལེ་པའོ་མན་གཉིས་ལ་ཁ་པར་བཏང་སྟེ་ཅཱ་ཧྲའི་གནས་བབ་ཐད་ནས་གྲོས་བསྡུར་བྱས། ཁོས་ཁ་པར་བཏང་རྗེས་གསལ་སྒྲོག་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་གཅིག་མཐུན་གྱི་འགུལ་སྐྱོད་སྤེལ་ནས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་ཟེར།

ཧེ་ཀི་ཡིས་བཤད་རྒྱུར། ཁོས་ཚེས་བཅུ་གསུམ་ཉིན་ཝེ་ཡེ་ནཱ་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་། ཧྥ་རན་སིའི་ཕྱི་འབྲེལ་བློན་ཆེན་ཧྥ་པུས་ཡུག་སི། འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་བཅས་དང་མཉམ་དུ་ཅཱ་ཧྲ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གནད་དོན་ཐད་ནས་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

ཧེ་ཀི་ཡིས་བཤད་རྒྱུར། ཁོས་ཨ་པཱ་སི་ཡིས་བཏོན་པའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་ཁག་གཉིས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་འདོད་བློར་དགའ་བསུ་ཞུས་པ་དང་། ཁོས་བསྟན་དོན། མིག་སྔར་ཅཱ་ཧྲ་ས་ཁུལ་གྱི་ཉམས་ཉེན་ལས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིའི་རྨང་གཞིའི་སྟེང་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་དགོས་གལ་རང་བཞིན་གསལ་བོར་མངོན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག