མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཐུས་མིས་དབྱི་རག་གིས་སྲིད་གཞུང་གསར་བ་འཛུགས་པའི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བར་སྐུལ་མ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-13 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དབྱི་རག་གནད་དོན་གྱི་དམིགས་བསལ་འཐུས་མི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པའི་ཚོགས་གཙོའི་འགན་གཅིག་ལྕོགས་སུ་ཁུར་མཁན་མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། དབྱི་རག་གི་གྲོས་མི་ཚང་མ་ཚེས་བཅུ་གསུམ་ཉིན་བསྡུ་རྒྱུ་ཡིན་པའི་གྲོས་ཁང་གི་གྲོས་ཚོགས་ལ་ཞུགས་དགོས་པ་དང་། གལ་ཏེ་ཕྱོགས་སོ་སོས་གྲོས་དཔོན་དང་ཙུང་ཐུང་གསར་བ་འདེམ་བསྐོ་བྱེད་པ་དང་། སྲིད་གཞུང་གསར་བ་རྩ་འཛུགས་བྱེད་པའི་ཐད་ནས་གྲུབ་འབྲས་མ་ལོན་ན། དབྱི་རག་ཟང་ཟིང་གི་གནས་སུ་ལྷུང་ངེས་རེད་ཟེར།

མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། ཟིང་འཁྲུག་གིས་དབྱི་རག་ཁ་བྲལ་དུ་གཏོང་བ་དང་ཞི་བདེ་དང་དར་རྒྱས་མངོན་འགྱུར་བྱེད་པར་བཀག་རྒྱ་བྱེད་འདོད་པའི་མི་ལ་ཁེ་ཕན་ཐོབ་ཏུ་འཇུག་སྲིད་ཟེར། ཁོས་ནན་གྱིས་བསྟན་དོན། དབྱི་རག་གལ་མཐུན་སྒྲིལ་ལྡན་པའི་ཚོགས་ཁག་ཅིག་མཁོ་ཟེར། ད་ལྟ་ཕྱོགས་ཁག་སོ་སོས་ཕན་ཚུན་སྐྱོན་འཛུགས་བྱེད་པའི་དུས་མ་ཡིན་པར། ཁོ་ཚོས་མི་དམངས་ཀྱི་ཁེ་ཕན་ཆེད་དུ་མཐུན་སྦྱོར་བྱས་ཏེ་རྒྱལ་ཁབ་ཀྱི་ཆབ་སྲིད་འཕེལ་རིམ་ལ་འཕེལ་རྒྱས་འབྱུང་དུ་འཇུག་རན་རེད་ཟེར།

མུའུ་ལཱ་ཏི་ནོའུ་ཧྥུའུ་ཡིས་བཤད་རྒྱུར། འཁོར་སྐྱོད་རྒྱུན་ལྡན་ཡིན་པའི་གྲོས་ཁང་ཞིག་གིས་དབྱི་རག་མཐུན་སྒྲིལ་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དུ་འཇུག་ཐུབ་པ་དང་། རྒྱལ་ཁབ་ཀྱི་ཆབ་སྲིད་འཕེལ་རིམ་ཡང་བསྐྱར་སླར་གསོ་བྱེད་ཐུབ་ལ། རིགས་སོ་སོའི་མང་ཚོགས་ཀྱིས་སེམས་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱས་ཏེ། མང་ཚོགས་ས་ཡ་གཅིག་ལྷག་གི་མི་ཆོས་རིང་ལུགས་ཀྱི་དཀའ་སྡུག་ཇེ་ཡང་དུ་གཏོང་ཐུབ་ཟེར།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག