ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་སྲིད་གཞུང་ནེ་ཀིའི་ཚང་འཛོམས་གྲོས་ཚོགས་ནས་ཉེ་སྔོན་ཆོད་དོན་སྤེལ་ཏེ། ཕཱ་ལེ་སི་ཐན་ལ་མེ་སྒོར་ས་ཡ་གཅིག་གི་རོགས་སྐྱོར་བྱས་ཏེ། ཉིན་གཉིས་ཀྱི་ནང་དབྱི་སི་རལ་གྱི་དམག་དོན་འཇབ་རྒོལ་ཐེབས་པའི་ཕཱ་ལེ་སི་ཐན་གྱི་ཤི་རྨས་ཐེབས་པའི་མི་སྣའི་གྱོང་གུད་ཇེ་ཡང་དུ་གཏོང་བར་རོགས་རམ་བྱེད་རྒྱུ་ཡིན་ཟེར།
ཧིན་རྡུ་ཉི་ཞི་ཡཱའི་ཆབ་སྲིད་དང་བཅའ་ཁྲིམས། བདེ་འཇགས་བཅས་ཀྱི་གཅིག་གྱུར་བཀོད་འདོམ་པུའུ་ཀྲང་སུའུ་ཡན་ཐའོ་ཡིས་ཚེས་བཅུ་གཉིས་ཉིན་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱའི་སྲིད་གཞུང་གིས་ཕྱི་འབྲེལ་བློན་ཆེན་བརྒྱུད་དེ་ཧིན་རྡུ་ཉི་ཞི་ཡཱ་རུ་སྡོད་པའི་ཕཱ་ལེ་སི་ཐན་གྱི་གཞུང་ཚབ་པར་ཐུག་འཕྲད་བྱས་ཏེ། ཕཱ་ལེ་སི་ཐན་ལ་མེ་སྒོར་ས་ཡ་གཅིག་གི་རོགས་སྐྱོར་བྱེད་རྒྱུ་ཁས་ལེན་བྱས་ཡོད་ཟེར། །