མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕུའུ་ཅིན་གྱིས་ཧྥེ་ཏི་ཨར་ཁཱ་སི་ཐི་ལོ་ལ་ཐུག་འཕྲད་བྱས་ཏེ་ཁུ་པཱའི་བརྒྱ་ཆའི་དགུ་བཅུའི་དངུལ་བུན་མེད་པར་གཏོང་རྒྱུ་ཐག་བཅད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-13 10:57

古巴国务委员会主席劳尔·卡斯特罗(右)、普京共同出席新闻发布会。.jpg

ཁུ་པཱ་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལའོ་ཨར་ཁཱ་སི་ཐི་ལོ་དང་ཕུའུ་ཅིན་གཉིས་མཉམ་དུ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

 古巴前领导人菲德尔·卡斯特罗(右)会见俄罗斯总统普京。.jpg

ཁུ་པཱའི་སྔོན་ཆད་ཀྱི་མགོ་ཁྲིད་པའི་ཧྥེ་ཏི་ཨར་ཁཱ་སི་ཐི་ལོ་ཡིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཐུག་འཕྲད་བྱས།

    ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་གཅིག་ཉིན་ནས་བཟུང་དུས་ཡུན་ཉིན་དྲུད་གི་ལཱ་ཏེན་མེ་གླིང་གི་འགྲུལ་བཞུད་མགོ་བརྩམས་པ་དང་། ཐེངས་འདིའི་འཚམས་འདྲིའི་ས་ཚིགས་དང་པོ་ནི་ཁུ་པཱ་རྒྱལ་ཁབ་ཡིན། གསར་འགྱུར་ལས་རིགས་ཀྱིས་ཡོངས་ཁྱབ་ཏུ་བལྟས་ན། ཨུ་རུ་སི་ཡིས་ཝུའུ་ཁི་ལན་གྱི་གནད་དོན་དབང་གིས་ཨ་མེ་རི་ཁ་དང་ཡོ་རོབ་གླིང་གི་རྒྱལ་ཁབ་བར་གྱི་འབྲེལ་བ་ཇེ་སྡུག་ཏུ་སོང་བའི་གནས་ཚུལ་འོག ཕུའུ་ཅིན་གྱིས་དངུལ་གཏོང་དང་ཉོ་ཚོང་སོགས་ཀྱི་ཐབས་ལ་བརྟེན་ནས་ལཱ་ཏེན་མེ་གླིང་ས་ཁུལ་གྱི་རྒྱལ་ཁབ་བར་གྱི་འབྲེལ་བར་ཤུགས་སྣོན་བྱས་ཏེ། རྒྱལ་སྤྱིའི་གར་སྟེགས་སུ་སྔར་ལས་མང་བའི་རྒྱབ་སྐྱོར་མཁན་ཐོབ་པར་བརྩོན་ལེན་བྱེད་པའི་ཆེད་དུ་ཡིན་པར་འདོད།

    ཕུའུ་ཅིན་གྱིས་ཁུ་པཱ་རུ་འཚམས་འདྲི་བྱེད་སྐབས་ཕྱོགས་གཉིས་ཀྱིས་མཉམ་ལས་གྲོས་མཐུན་སྣ་བཅུ་གཉིས་ཙམ་བཀོད་པ་དང་། དེ་ནུས་ཁུངས་དང་བཟོ་ལས། སྨན་བཅོས། གནོད་འགོག་སོགས་ཁྱབ་ཁོངས་མང་བོར་འབྲེལ་ཡོད། ཁུ་པཱ་སྲིད་གཞུང་གི་དྲ་ཚིགས་སྟེང་བཀོད་པ་ལྟར་ན། ཨུ་རུ་སིའི་ཀུང་ཟི་ཁུ་པཱའི་བྱང་ངོས་མཚོ་འགྲམ་གྱི་རྡོ་སྣུམ་ལས་གཞིར་ཞུགས་ཏེ། ཁུ་པཱ་རྒྱལ་ཁབ་ཀྱིས་རྒྱ་མཚོ་ལས་རྡོ་སྣུམ་སྔོག་འདོན་བྱེད་པར་རོགས་རམ་བྱེད་རྒྱུ་རེད།

    ཕུའུ་ཅིན་གྱིས་འཚམས་འདྲི་བྱེད་སྐབས་ཕྱོགས་གཉིས་ཀྱིས་ཁུ་པཱ་ནས་སྐྱེལ་འདྲེན་བརྒྱུད་གཏོང་ས་ཚིགས་ཆེན་མོ་འཛུགས་སྐྲུན་བྱེད་པར་གྲོས་བསྡུར་བྱས།

    ཨུ་རུ་སི་ཡིས་ཐེངས་འདིར་ཁུ་པཱ་ཡིས་སྔོན་ཆད་སུའུ་ལེན་ལ་ཆད་པའི་མེ་སྒོར་ཐེར་ཆེན་གསུམ་དང་ཐེར་འབུམ་ལྔའི་དངུལ་བུན་བརྒྱ་ཆའི་དགུ་བཅུ་མེད་པར་བཟོ་རྒྱུ་དང་། དེའི་འཕྲོ་ཡི་དངུལ་བུན་དེ་ཕྱིན་ཆད་ཁུ་པཱའི་སློབ་གསོའི་ལས་དོན་གཏོང་རྒྱུ་ཐག་བཅད།

    ཁུ་པཱ་དང་བྲལ་རྗེས་ཕུའུ་ཅིན་ཚེས་བཅུ་གཉིས་ཉིན་གྱི་དགོང་མོར་ནི་ཁཱ་ར་ཀྭ་རྒྱལ་ཁབ་ཏུ་བརྒྱུད་པ་དང་། ཙུང་ཐུང་ཨོ་ཨར་ཐི་ཅཱ་དང་དུས་ཚོད་གཅིག་གི་གྲོས་མོལ་བྱས། དེའི་རྗེས་སུ་ཁོ་རང་ཨ་ཀིན་ཐིན་དུ་སོང་བ་དང་། དེ་ནས་ད་རུང་པཱ་ཞི་རྒྱལ་ཁབ་ལ་འཚམས་འདྲི་བྱེད་རྒྱུ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག