མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་དབུས་ཤར་གནད་དོན་གྱི་ཆེད་མངག་ཕོ་ཉ་པུའུ་ལེ་ཨར་དང་མཉམ་དུ་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་གནས་བབ་ལ་གྲོས་བསྡུར་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-13 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་དཔོན་ཕྱོགས་ཀྱིས་ཚེས་བཅུ་གཉིས་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱིན་ཇིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན། ཀྲུང་ཏུང་གནད་དོན་གྱི་འབྲེལ་ཡོད་ཕྱོགས་བཞིའི་ཆེད་མངག་ཕོ་ཉ་པུའུ་ལེ་ཨར་ལ་ཐུག་འཕྲད་བྱས། ཕྱོགས་གཉིས་ཀྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འཁྲུག་རྩོད་ཇི་ལྟར་མཇུག་སྒྲིལ་བའི་ཐད་ནས་གྲོས་བསྡུར་བྱས།

སེ་ཞི་ཡིས་བསྟན་དོན། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སི་ཡིས་ཕན་ཚུན་ལ་བཟོད་སྒོམ་མི་བྱེད་པ་ལས་མི་སེར་དཀྱུས་མ་སྔར་ལས་མང་བོར་ཤི་རྨས་ཐེབས་པ་དང་། ཁོས་དོན་དེར་སེམས་ཁུར་བྱེད་བཞིན་ཡོད་ཟེར། ཁོས་བསྟན་དོན། ཨེ་ཅིབ་ཀྱིས་ཕྱི་འབྲེལ་གྱི་ཐབས་ལ་བརྟེན་ནས་ཕྱོགས་གཉིས་ཀྱི་འཁྲུག་རྩོད་མཚམས་འཇོག་པར་སྐུལ་མ་གཏོང་འདོད་ཡོད་ཟེར།

པུའུ་ལེ་ཨར་གྱིས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་ཕྱོགས་གཉིས་ཀྱིས་རང་ཚོད་འཛིན་དགོས་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ། གང་ནུས་ཀྱིས་གནས་བབ་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱས་ནས། ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེ་མངོན་འགྱུར་བྱེད་པར་ཡར་སྐུལ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག