མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧན་གོའི་མང་ཚོགས་ཀྱིས་འཇར་པན་དམག་རྒྱལ་རིང་ལུགས་འདས་ལོག་བྱེད་པར་ངོ་རྒོལ་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-13 10:57

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོ་དང་འཇར་པན་གྱི་རྟོག་ཞིབ་ལས་ཁུངས་ཀྱིས་ཉེ་སྔོན་སྤེལ་བའི་མཉམ་འབྲེལ་གྱི་དམངས་ཀྱི་འདོད་བློར་རྟོག་ཞིབ་བྱས་པའི་མཇུག་འབྲས་གསར་བ་ལྟར་ན། ཧན་གོའི་མི་ཕྱེད་ཀའི་ཡན་གྱིས་འཇར་པན་གྱིས་ད་ལྟ་ལག་བསྟར་བྱེད་བཞིན་པའི་སྤྱི་ཚོགས་དང་ཆབ་སྲིད་སྒྲིག་གཞི་ནི་དམག་རྒྱལ་རིང་ལུགས་ཡིན་པར་མ་ཟད། ཧན་གོའི་དམག་དོན་གྱི་འཇིགས་ཉེན་གཉིས་པ་ཡིན་པར་བསམ་ཡོད།

གསར་འགོད་པས་འཚམས་འདྲི་བྱས་པ་ལས། ཧན་གོའི་མང་ཚོགས་མི་ཉུང་བ་ཞིག་གིས་ཨན་པའེ་སྲིད་གཞུང་གི་གཡས་སུ་ལྷུང་བའི་བྱ་སྤྱོད་རབ་དང་རིམ་པར་ངོ་རྒོལ་བྱེད་བཞིན་ཡོད་པ་དང་། འཇར་པན་གྱི་དམག་རྒྱལ་རིང་ལུགས་སླར་གསོ་བྱེད་པའི་རྣམ་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག