མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི། ཝུའུ་ཁི་ལན་གྱིས་གྲོས་མོལ་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་དང་ཝུའུ་ཁི་ལན་གྱིས་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ལ་གནས་པའི་གནད་དོན་ལ་གྲོས་བསྡུར་བྱས།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-12 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཉོ་ཚོང་ཨུ་ཡོན་ཏི་ཀུའུ་ཧི་ཐི། ཨུ་རུ་སིའི་དཔལ་འབྱོར་འཕེལ་རྒྱས་པུའུ་ཀྲང་ཝུའུ་ལིག་ཁཱ་ཡེ་ཧྥུའུ། ཝུའུ་ཁི་ལན་གྱི་ཕྱི་འབྲེལ་བློན་ཆེན་ཁི་ལེ་མུའུ་ཅིན་གྱིས་ཚེས་བཅུ་གཅིག་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་སྤྱི་ཁྱབ་པུའུ་ཡོད་སའི་པུའུ་ལུའུ་སེར་ནས་གྲོས་མོལ་བྱས་ཏེ། ཅང་མ་འགོར་བའི་སྔོན་ཡོ་རོབ་གླིང་མནའ་འབྲེལ་དང་ཝུའུ་ཁི་ལན་གྱིས་བཀོད་པའི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ཀྱི་དཔལ་འབྱོར་ཐད་གནས་པའི་གནད་དོན་ལ་གྲོས་བསྡུར་བྱས།

ཕྱོགས་གསུམ་གྱིས་གྲོས་མོལ་བྱས་རྗེས་གཅིག་མཐུན་གྱིས་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་དང་ཝུའུ་ཁི་ལན་གྱིས་བཀོད་པའི་གྲོས་མཐུན་གྱི་དམིགས་ཡུལ་ནི་ཕྱོགས་སོ་སོའི་དཔལ་འབྱོར་འཕེལ་རྒྱས་ལ་གྲུབ་འབྲས་བཟང་བོ་ཐོབ་པའི་ཆེད་དུ་ཡིན་ཡང་། གྲོས་མཐུན་དེ་ལག་བསྟར་བྱས་རྗེས་ཨུ་རུ་སི་དང་ཝུའུ་ཁི་ལན་ལ་དཔལ་འབྱོར་ཉེན་ཁ་བཟོ་སྲིད་པར་འདོད།

དེར་དམིགས་ནས་ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི། ཝུའུ་ཁི་ལན་ཕྱོགས་གསུམ་གྱིས་གྲོས་མཐུན་ལག་བསྟར་མ་བྱས་གོང་བློ་འདྲིའི་ཞིབ་བསྡུར་ནང་རྐྱེན་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། གནས་པའི་ཉེན་ཁ་ཐག་གཅོད་བྱས་ཏེ། ཉོ་ཚོང་དཔལ་འབྱོར་གྱི་འབྲེལ་བར་ཕན་པའི་ཆ་རྐྱེན་བསྐྲུན་པའི་ཆེད་དུ་ཡིན་ཟེར།

ཕྱོགས་གསུམ་གྱིས་ཨུ་རུ་སི་ཡིས་ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན་གྱི་སྔོན་རྩིས་ཐོ་ཞིག་སྤྲད་དེ། ཡོ་རོབ་གླིང་མནའ་འབྲལེ་དང་ཝུའུ་ཁི་ལན་གྱིས་བཀོད་པའི་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ཀྱི་དཔལ་འབྱོར་ཁག་ནུས་ལྡན་དུ་གྱུར་རྗེས་ཨུ་རུ་སི་ལ་ཐེབས་སྲིད་པའི་གནོད་པ་དང་ཉེན་ཁ་གང་ཡོད་གསལ་བོར་འགོད་རྒྱུ་ཐག་བཅད།

ཡོ་རོབ་གླིང་མནའ་འབྲེལ་དང་ཨུ་རུ་སི། ཝུའུ་ཁི་ལན་བཅས་ཕྱོགས་གསུམ་གྱིས་ཟླ་དགུ་བའི་ཚེས་བཅུ་གཉིས་ཉིན་པུའུ་ལུའུ་སེར་ནས་ཡང་བསྐྱར་གྲོས་མོལ་བྱས་ཏེ་ཐག་གཅོད་ཇུས་གཞི་གང་རུང་ལ་གྲོས་བསྡུར་བྱེད་པར་འཐད་པ་བྱུང་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག