མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཕན་ཅི་ཝུན་གྱིས་ན་གཞོན་དག་ལ་རང་གི་ནུས་པ་འདོན་པའི་གོ་སྐབས་འདོན་སྤྲོད་བྱེད་དགོས་པའི་འབོད་སྐུལ་བཏང་།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-12 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་བཅུ་གཅིག་ཉིན་གྱི་འཛམ་གླིང་མི་གྲངས་ཉིན་མོར་ཞུ་ཚིག་ཕུལ་ཏེ། ན་གཞོན་དག་ལ་རང་གི་ནུས་པ་འདོན་པའི་གོ་སྐབས་འདོན་སྤྲོད་བྱས་ཏེ། མིའི་རིགས་ཀྱི་རྒྱུན་མཐུད་ཀྱི་མ་འོངས་པའི་ཆེད་དུ་རྨང་གཞི་འདིང་དགོས་པའི་འབོད་སྐུལ་བཏང་།

ཕན་ཅི་ཝུན་གྱིས་ཞུ་ཚིག་ཕུལ་ཏེ། དེང་སྐབས་འཛམ་གླིང་ཡོངས་སུ་ན་གཞོན་ཐེར་འབུམ་གཅིག་དང་དུང་ཕྱུར་བརྒྱད་ཡོད་པ་དང་། དེ་ནི་ལོ་རྒྱུས་སྟེང་མི་གྲངས་ཆེས་མང་བའི་ན་གཞོན་རབས་གཅིག་ཡིན་པ་དང་། ཁོ་ཚོ་མང་ཆེ་བ་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཏུ་འཚོ་སྡོད་བྱས་ཡོད། ན་གཞོན་དག་ལ་མིའི་རིགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་ཆེན་པོ་སྣ་ཚོགས་ཐག་གཅོད་བྱེད་པའི་ཐད་ནུས་པ་ཆེན་པོ་ལྡན་ཡང་། སྔར་ལས་མང་བའི་ན་གཞོན་གྱི་དགོས་ངེས་ཀྱི་གོ་སྐབས་ཤོར་བ་དང་། སྤུས་ཚད་མཐོ་བའི་སློབ་གསོ་མྱོང་ཐབས་མེད་ལ། བྱ་བ་འོས་འཚམ་ཞིག་རྙེད་ཐུབ་མེད་པའི་ཁར། སྤྱི་ཚོགས་ཀྱི་ཆབ་སྲིད་འཚོ་བའི་ནང་ཞུགས་ཐབས་མེད། འཛམ་གླིང་ཡོངས་ཀྱི་མི་གྲངས་ཉིན་མོ་ནི་གོ་སྐབས་ཤིག་ཡིན་པ་དང་། ང་ཚོས་གོ་སྐབས་འདི་དང་བསྟུན་ནས་ན་གཞོན་དག་གིས་སྤྱི་ཚོགས་འཚོ་བའི་ཁྲོད་ནུས་པ་འདོན་སྤེལ་བྱེད་པར་རོགས་རམ་བྱེད་རྒྱུ་ཡང་བསྐྱར་ཁས་ལེན་བྱས་ཆོག་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། ཁ་ཚ་དགོས་ཐུག་གི་གནད་དོན་ནི་འགུལ་སྐྱོད་སྤེལ་རྒྱུ་དེ་ཡིན། ན་གཞོན་མང་བོར་དབུལ་ཕོངས་ལས་ཐར་བའི་ཐོན་ཁུངས་གང་ཡང་མེད། ཁོས་ལྷག་ཏུ་སེམས་ཁུར་བྱེད་བཞིན་པ་ནི་མཐོང་ཆུང་དང་ལོག་གཡེམ། སྔ་མོ་ནས་གཉེན་སྒྲིག་པའམ་མངལ་ཆགས་པའི་ན་ཆུང་བུ་མོ་དག་ཡིན་ཟེར། ཕན་ཅི་ཝུན་གྱིས་བཤད་རྒྱུར། ཐག་གཅོད་བྱེད་ཐབས་ནི་ན་གཞོན་དག་གཉོམ་ལག་རྒྱས་པའི་སྐབས་སུ་འཕྲོད་བསྟེན་དང་སློབ་གསོ། གསོ་སྦྱོང་། ལས་ཞུགས་ཁྱབ་ཁོངས་བཅས་ནས་ཁོ་ཚོར་མ་དངུལ་གཏོང་དགོས་པ་དང་། དེ་ལྟར་བྱས་ན་ཁོ་ཚོའི་འཚོ་བའི་མདུན་ལྗོངས་ལེགས་བཅོས་བྱས་བྱེད་པ་དང་ང་ཚོའི་ཐུན་མོང་གི་མ་འོངས་པ་ལེགས་བཅོས་བྱེད་དགོས་ཟེར།

ཕན་ཅི་ཝུན་གྱིས་ཤུགས་རྐྱེན་ཡོད་པའི་ཕྱོགས་སོ་སོས་འཕེལ་རྒྱས་འཆར་གཞིའི་ཁྲོད་ན་གཞོན་གཙོ་བོར་འཛིན་དགོས་པ་དང་། ན་གཞོན་གཙོ་བྱས་པའི་རྩ་འཛུགས་ཀྱི་གྲོགས་པོའི་འབྲེལ་བར་ཤུགས་སྣོན་བྱས་ཏེ། ན་གཞོན་དག་འབྲེལ་ཡོད་སྲིད་ཇུས་ལ་ཞུགས་སུ་འཇུག་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག