ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བཅུ་གཅིག་ཉིན་པེ་རུ་ཐི་ནས་འཛམ་གླིང་མི་གྲངས་ཉིན་མོར་རྗེས་དྲན་བྱེད་པའི་བྱ་འགུལ་སྤེལ་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སི་རི་ཡཱའི་ཉམས་ཉེན་ལས་ན་གཞོན་པར་ཤུགས་རྐྱེན་ཐེབས་པར་སྔར་ལས་དོ་སྣང་བྱེད་དགོས་པའི་འབོད་སྐུལ་བཏང་།
ལེ་པཱ་ནུན་དུ་སྡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་གྲངས་ཐེབས་རྩ་ཚོགས་པའི་འཐུས་མི་མང་ཐིན་གྱིས་གྱིས་རྗེས་དྲན་བྱ་འགུལ་སྟེང་གཏམ་བཤད་སྤེལ་ཏེ། ཁོས་ལེ་པཱ་ནུན་སྲིད་གཞུང་དང་མི་དམངས་ཀྱིས་སི་རི་ཡཱའི་ཡུལ་གྱར་བ་དང་ལེན་དང་བཀོད་སྒྲིག་བྱས་པར་བཀའ་དྲིན་ཞུས་པ་དང་། ལེ་པཱ་ནུན་དང་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་ལས་ཁུངས། ཞལ་འདེབས་འབུལ་མཁན་གྱི་རྒྱལ་ཁབ་བཅས་ཀྱིས་སི་རི་ཡཱའི་ཡུལ་གྱར་བ་དང་ཁྱད་པར་དུ་ན་གཞོན་ཡུལ་གྱར་བར་རོགས་སྐྱོར་བྱེད་པའི་ཐད་འབད་བརྩོན་བྱས་པར་གཟེངས་བསྟོད་ཆེན་པོ་བྱས། །