མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱ་གར་གྱི་ཙུང་ལི་གསར་བས་ཟླ་དགུ་བར་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ་ཨོ་པཱ་མཱ་དང་གྲོས་མོལ་བྱས་ཏེ་འབྲེལ་བ་སླར་གསོ་བྱེད་རྒྱུ་རེད།

རྩོམ་པ་པོ། བསོད་ནམས་ཚེ་རིང་།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-12 10:51

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་གྱི་ཙུང་ལི་མའོ་ཏིས་ཀྱིས་ད་ལོའི་ཟླ་དགུ་བར་ཨ་མེ་རི་ཁར་འཚམས་འདྲི་བྱས་ཏེ། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་དང་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་ཉེ་སྔོན་གྱི་ཛ་དྲག་འབྲེལ་བ་སླར་གསོ་བྱེད་པའི་ཆེད་དུ་ཡིན།

མའོ་ཏིས་ཀྱིས་ཚེས་བཅུ་གཅིག་ཉིན་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་གཞོན་པའི་པའོ་ཨིན་སི་ལ་བཤད་རྒྱུར། ཁོས་ཨོ་པཱ་མཱའི་གདན་ཞུ་དང་ལེན་བྱས་ཡོད་ཟེར།

མའོ་ཏིས་གཞུང་སྒྲུབ་ཁང་གི་གསལ་སྒྲོག་ལྟར་ན། མའོ་ཏིས་ཀྱིས་བཤད་རྒྱུར། རྒྱ་གར་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ནི་འཛམ་གླིང་ཞི་བདེ་དང་བརྟན་འཇགས། དར་རྒྱས་བཅས་ཀྱི་སྟོབས་ཤུགས་གལ་ཆེན་ཡིན་ཟེར།

རྒྱ་གར་དང་ཨ་མེ་རི་ཁའི་འབྲེལ་བ་དེ་ན་ནིང་ཟླ་བཅུ་གཉིས་པར་རྒྱ་གར་གྱི་བུད་མེད་ཕྱི་འབྲེལ་དཔོན་པོ་ཞིག་ཉིག་ཡོ་ནས་བཟུང་སྟེ་བརྙས་བཅོས་ཐེབས་པའི་དབང་གིས་ཛ་དྲག་ཏུ་གྱུར་བ་རེད། ཕྱི་འབྲེལ་དཔོན་པོ་དེར་ལམ་ཡིག་གནད་དོན་ཐད་ནས་མགོ་སྐོར་བཏང་བའི་སྐྱོན་འཛུགས་བྱས།  །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག