ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་ཡིས་ཚེས་བཅུ་ཉིན་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་རང་ཚོད་བཟུང་སྟེ་གྲོས་མོལ་བྱེད་དགོས་པའི་འབོད་སྐུལ་བཏང་།
ཨོ་ལིང་ཏི་ཡིས་ཉིན་དེར་ཧྥ་རན་སིའི་མཱ་ཨིན་ཞིང་ཆེན་ནས་གཏམ་བཤད་སྤེལ་སྐབས། དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱིས་རང་ཚོད་བཟུང་སྟེ་གྲོས་མོལ་བྱས་ཏེ། གང་ནུས་ཀྱིས་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་རེ་བ་བཏོན།
ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་དགུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཨོ་ལིང་ཏི་དང་དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་གཉིས་ཀྱིས་ཉིན་དེར་ཁ་པར་བཏང་སྟེ། ཨོ་ལིང་ཏི་ཡིས་བལྟས་ན་དྲག་ཤུགས་བྱ་སྤྱོད་སྔར་ལས་ཛ་དྲག་ཏུ་འགྱུར་བར་སྔོན་འགོག་བྱེད་དགོས་པར་འདོད་ཡོད་ཟེར། །