མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་ཕྱོགས་སོ་སོའི་བར་བསམ་འཆར་གཅིག་མཐུན་ཡོང་བར་དཀའ་ཁག་ཅུང་ཆེ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-11 11:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཅཱ་ཧྲ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས། ནུབ་ཕྱོགས་ཀྱི་ཕྱི་འབྲེལ་དཔོན་པོ་ཞིག་གིས་བཤད་རྒྱུར། ཐེངས་འདིའི་གྲོས་ཚོགས་ཀྱི་དམིགས་འབེན་ནི་དབྱི་སི་རལ་གྱི་མེ་ཤུགས་འཕུར་མདའི་འཇབ་རྒོལ་ལ་རྒོལ་གཏམ་གཏོང་བ་དང་ཕྱོགས་གཉིས་ཀྱིས་རང་ཚོད་འཛིན་པར་འབོད་སྐུལ་གཏོང་བའི་གསལ་སྒྲོག་ཅིག་ལ་གྲོས་མཐུན་འགོད་པའི་ཆེད་ཡིན་ཡང་། ཚོད་དཔག་བྱས་ན་ཕྱོགས་སོ་སོའི་བསམ་འཆར་གཅིག་མཐུན་ཡོང་བར་དཀའ་ཁག་ཆེན་པོ་ཡོད། ཡིན་ན་ཡང་གཏན་ནས་མི་སྲིད་པ་ཞིག་མ་ཡིན་ཟེར། དབྱི་སི་རལ་གྱི་རྒྱལ་སྲུང་དམག་དཔུང་གིས་ཚེས་བརྒྱད་ཉིན་གྱི་ཞོགས་པར་ཅཱ་ཧྲ་ས་ཁུལ་དུ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཁྱབ་སྒྲོག་བྱས་པའི་དམིགས་ཡུལ་ནི་དབྱི་སི་རལ་ལྷོ་ཕྱོགས་ས་ཁུལ་གྱི་མང་ཚོགས་ལ་ཅཱ་ཧྲ་ས་ཁུལ་ནས་གཏོང་འཕེན་བྱས་པའི་མེ་ཤུགས་འཕུར་མདའི་འཇབ་རྒོལ་མི་ཐེབས་པར་བྱེད་པའི་ཆེད་དུ་ཡིན་ལ། དེ་ནི་ཉིས་སྟོང་བཅུ་གཉིས་ལོའི་ཚུན་གྱི་གཞི་རྒྱ་ཆེས་ཆེ་བའི་འཁྲུག་རྩོད་ཐེངས་ཤིག་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག