ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཉིན་དེའི་སྔ་དྲོར་ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ཀྱིས་མཉམ་དུ་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་སྟེ། ཕུའུ་ཅིན་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་ཁ་བྲལ་རིང་ལུགས་ལ་གནོན་ཤུགས་བྱིན་ནས། དེས་ཝུའུ་ཁི་ལན་གྱི་དབང་འཛིན་ལས་ཁུངས་དང་གྲོས་མོལ་བྱེད་པར་ཡར་སྐུལ་བྱེད་དགོས་པར་མ་ཟད། བྱེ་བྲག་གི་བྱེད་ཐབས་སྤྱད་དེ་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་དུ་དོ་དམ་ཚོད་འཛིན་བྱེད་དགོས་པའི་རེ་བ་བཏོན།
སྤྱི་སྒྲོག་ལས་བཤད་རྒྱུར། ཨོ་ལིང་ཏི་དང་མའོ་ཁི་ཨར་གཉིས་ཀྱིས་ཡང་བསྐྱར་ཕུའུ་ཅིན་ལ་བསྟན་དོན། ངེས་པར་དུ་མགྱོགས་མྱུར་ངང་ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཉམས་ཉེན་ཐག་གཅོད་བྱས་ཏེ། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་དང་ཤར་ཕྱོགས་དམངས་ཁྲོད་དྲག་ཆས་པས་འཁྲུག་རྩོད་མཚམས་འཇོག་པ་དང་། ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་དུ་དོ་དམ་ཚོད་འཛིན་བྱེད་པའི་ནང་རྐྱེན་ཞིག་འཛུགས་པ། མི་གཏའ་ཚང་མ་ཕྱིར་གཏོང་དགོས་ཟེར།
སྤྱི་སྒྲོག་ལས་ད་རུང་བསྟན་དོན། མི་འགྱངས་པར་ཨོ་ལིང་ཏི་དང་མའོ་ཁི་ཨར། ཕུའུ་ཅིན། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་བཅས་ཀྱི་ཕྱོགས་བཞིའི་ཁ་པར་གྲོས་མོལ་རྩ་འཛུགས་བྱེད་རྒྱུ་ཡིན་ཟེར། །