མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ལེ་པཱ་ནུན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱེད་པར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-11 11:31

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལེ་པཱ་ནུན་སྲིད་གཞུང་གིས་ཚེས་བཅུའི་ཉིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱེད་པར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

བསྒྲགས་པའི་གནས་ཚུལ་ལྟར་ན། ལེ་པཱ་ནུན་གྱི་ནེ་ཀི་ཡིས་ཉིན་དེར་གྲོས་ཚོགས་བསྡུས་ཏེ། དབྱི་སི་རལ་གྱིས་ཉེ་སྔོན་ཡང་དང་བསྐྱར་དུ་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱས་པ་དང་། ཕཱ་ལེ་སི་ཐན་གྱི་ཉེས་མེད་མི་སེར་དཀྱུས་མ་དང་ཁྱད་པར་དུ་བུད་མེད་དང་བྱིས་པ་དམར་གསོད་གཏོང་བའི་བྱ་སྤྱོད་ལ་རྒོལ་གཏམ་དྲག་པོ་བཏང་།

ལེ་པཱ་ནུན་གྱི་གསར་འགྱུར་པུའུ་ཀྲང་ཅེ་ལེ་ཅེ་ཡིས་གྲོས་ཚོགས་གྲོལ་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ལེ་པཱ་ནུན་སྲིད་གཞུང་གིས་དཀའ་སྡུག་གི་གནས་སུ་ལྷུང་བའི་ཕཱ་ལེ་སི་ཐན་མི་དམངས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན་པ་དང་། ཕཱ་ལེ་སི་ཐན་མི་དམངས་ཀྱིས་ཁྲིམས་མཐུན་ཁེ་དབང་སླར་གསོ་བྱེད་ཆེད་འཐབ་རྩོད་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པ་བསྐྱར་སྒྲོག་བྱས་ཟེར། ཁོས་བཤད་རྒྱུར། ལེ་པཱ་ནུན་སྲིད་གཞུང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་དོན་དེར་ཐེ་གཏོགས་བྱས་ཏེ། ཕཱ་ལེ་སི་ཐན་གྱི་མི་སེར་དཀྱུས་མ་དམར་གསོད་བྱེད་པར་བཀག་འགོག་བྱེད་དགོས་པའི་སྐུལ་མ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག