མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་པཱ་སི་ཡིས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་བར་འཐབ་འཁྲུག་བསླང་བར་ཟེར།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-10 11:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་དགུའི་ཉིན་དབྱི་སི་རལ་གྱི་ཅཱ་ཧྲ་ས་ཁུལ་དུ་དམིགས་པའི་དམག་དོན་འགུལ་སྐྱོད་ནི་ཕཱ་ལེ་སི་ཐན་གྱི་མི་དམངས་ཡོངས་ལ་འཐབ་འཁྲུག་བསླང་བར་སྐྱོན་བརྗོད་བྱས།

ཨ་པཱ་སི་ཡིས་ཉིན་དེར་ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་རིམ་པའི་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ། དབྱི་སི་རལ་གྱི་དམག་དཔུང་གི་འགུལ་སྐྱོད་དེའི་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་འབྲེལ་བའི་ཐད་ཀྱི་ཤུགས་རྐྱེན་ལ་གྲོས་བསྡུར་བྱས། ཁོས་ཚོགས་ཐོག་ནས་བཤད་རྒྱུར། དབྱི་སི་རལ་གྱི་དམག་དཔུང་གིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་སུ་དམག་དོན་འགུལ་སྐྱོད་སྤེལ་བ་ནི་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་འཐབ་འཁྲུག་བསླང་བ་ཙམ་མ་ཡིན་པར། ཕཱ་ལེ་སི་ཐན་མི་དམངས་བར་འཐབ་འཁྲུག་བསླང་བ་རེད་ཟེར།

ཨ་པཱ་སི་ཡིས་བཤད་རྒྱུར། ཁོས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་དྲུང་ཡིག་ཆེན་མོ་ཨ་ལཱ་པུས་དང་ཨེ་ཅིབ་ཀྱི་ཙུང་ཐུང་སེ་ཞི། དེ་མིན་རྒྱལ་ཁབ་གཞན་པའི་མགོ་ཁྲིད་པར་འབྲེལ་གཏུག་བྱས་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་སི་རལ་ལ་གནོན་ཤུགས་བྱིན་ཏེ། དབྱི་སི་རལ་གྱིས་མྱུར་དུ་དམག་དོན་འགུལ་སྐྱོད་མཚམས་འཇོག་པར་ཡར་སྐུལ་བྱེད་དགོས་པའི་རེ་བ་བཏོན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག