མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་དང་འཇར་མན་གྱི་མགོ་ཁྲིད་པས་ཝུའུ་ཁི་ལན་གྱི་ཙུང་ཐུང་ལ་ཁ་པར་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-10 11:39

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་དགུའི་ཉིན་སྤྱི་སྒྲོག་སྤེལ་ཏེ། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཉིན་དེར་མཉམ་དུ་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ལ་ཁ་པར་བཏང་སྟེ། ཝུའུ་ཁི་ལན་གྱི་དབང་འཛིན་ལས་ཁུངས་ཀྱིས་ཤར་ཕྱོགས་ས་ཁུལ་གྱི་སི་ལཱ་ཝེ་དབྱང་སི་ཁི་སོགས་གྲོང་ཁྱེར་ཕྱིར་དབང་དུ་བསྡུས་རྗེས་ཀྱི་གནས་བབ་ལ་གྲོས་བསྡུར་བྱས།

སྤྱི་སྒྲོག་ལས་བཤད་རྒྱུར། ཨོ་ལིང་ཏི་དང་མའོ་ཁི་ཨར་གཉིས་ཀྱིས་རྒྱུས་ལོན་བྱུང་བ་ལྟར་ན། པའོ་ལོ་ཧྲིན་ཁི་ཡིས་དམག་དོན་ཐད་ནས་དགོས་ངེས་ཀྱི་རང་ཚོད་བཟུང་སྟེ་མི་སེར་དཀྱུས་མར་ཤི་རྨས་ཐེབས་པར་སྔོན་འགོག་བྱེད་པར་རེ་བ་བཅངས་ཡོད། ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་དུ་ཕྱོགས་གཉིས་ཀྱི་འཁྲུག་རྩོད་མཚམས་འཇོག་པ་དང་། ཡོ་རོབ་གླིང་བདེ་འཇགས་དང་མཉམ་ལས་རྩ་འཛུགས་ཀྱི་རོགས་རམ་འོག་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་དུ་དོ་དམ་ཚོད་འཛིན་བྱས་ཤིང་། མི་གཏའ་ཚང་མ་ཕྱིར་བཏང་སྟེ། ཝུའུ་ཁི་ལན་གྱི་ཉམས་ཉེན་དེ་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་གལ་ཆེན་རང་བཞིན་ནན་བཤད་བྱས།

ཨོ་ལིང་ཏི་དང་མའོ་ཁི་ཨར་གཉིས་ཀྱིས་བསྐྱར་སྒྲོག་བྱས་དོན། ཨུ་རུ་སིའི་དབང་འཛིན་ལས་ཁུངས་ཀྱིས་ཁ་བྲལ་རིང་ལུགས་པར་གནོན་ཤུགས་བྱིན་ཏེ། དེ་གྲོས་མོལ་ལ་ཞུགས་པར་སྐུལ་མ་གཏོང་དགོས་པར་མ་ཟད། ཕན་ནུས་ལྡན་པའི་སྒོ་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་གྱི་མཐའ་མཚམས་ས་ཁུལ་དུ་ཚོད་འཛིན་དོ་དམ་བྱེད་དགོས་ཟེར།

སྤྱི་སྒྲོག་ལས་བཤད་རྒྱུར། མ་འོངས་པའི་ཉིན་འགའི་རིང་། ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་མཉམ་དུ་གནད་དོན་དེའི་ཐད་ནས་འབྲེལ་འདྲིས་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག