མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

རྒྱལ་སྤྱིའི་གསར་འགྱུར་ཚན་པས་ཀྲུའུ་ཞི་ཞི་ཅིན་ཕིན་གྱི་ཀྲུང་གོ་དང་ཨ་རིའི་རྣམ་པ་གསར་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་དགོས་ཞེས་པའི་གཏམ་བཤད་ལ་དོ་ཁུར་བྱས་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-10 11:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་སྤྱི་ཚེས9ཉིན་པེ་ཅིན་དུ་རེས་སྐོར་དྲུག་པའི་ཀྲུང་གོ་དང་ཨ་རིའི་འཐབ་ཇུས་དང་དཔལ་འབྱོར་སྐད་ཆ་ཤོད་རེས་དང་རེས་སྐོར་ལྔ་པའི་ཀྲུང་གོ་དང་ཨ་རིའི་མི་ཆོས་རིག་གནས་སྤེལ་རེས་ཀྱི་མཐོ་རིམ་གྲོས་མོལ་གྱི་མཉམ་འབྲེལ་འགོ་ཚུགས་མཛད་སྒོར་ཞུགས་པ་མ་ཟད། འགོ་བརྗོད་དུ་ཀྲུང་གོ་དང་ཨ་རིའི་རྣམ་པ་གསར་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་འཛུགས་དགོས་ཞེས་བཀོད་པའི་ཤིས་ཚིག་གསུང་འདུག རྒྱལ་སྤྱིའི་གསར་འགྱུར་ཚན་པ་གཙོ་བོས་ཤེས་ཚིག་ནང་བསྟན་པའི་མཉམ་ལས་བྱེད་རྒྱུ་རྒྱུན་འཁྱོངས་དང་ཕན་ཚུན་བར་ཁ་གཏད་དུ་མི་ལངས་པ། རྒྱལ་ཁབ་གཉིས་པོར་ཕན་པ་སྐྲུན་པ། འཛམ་གླིང་ཡོངས་ལ་ཕན་པ་སྐྲུན་པ་ཞེས་པའི་བརྡ་འཕྲིན་གནས་ཚུལ་འགོད་སྤེལ་གང་ལེགས་བྱས་ནས། དུས་བབ་གསར་འོག་གི་ཀྲུང་གོ་དང་ཨ་རིའི་འབྲེལ་བར་ཕྱོགས་སྟོན་ལྟ་བུའི་དོན་སྙིང་ལྡན་ཡོད་པའི་ངོས་འཛིན་བྱས་ཡོད་པ་རེད།

ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ལོ་རྒྱུས་དང་དངོས་ཡོད་གཉིས་ལས། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་པོ་མཉམ་ལས་བྱས་ཚེ་གཉིས་ཀར་ཕན་པ་དང་འཐབ་རྩོད་བྱས་ཚེ་གཉིས་ཀར་གནོད་འཚེ་ཡོང་རྒྱུ་ཡིན་པ་བསྟན་ཡོད། ཞི་ཅིན་ཕིན་གྱི་གཏམ་བཤད་ལ་ཨ་རིའི་རྒྱལ་དོན་བློན་ཆེན་ཁེ་ལེ་དང་ནོར་སྲིད་པུའུ་ཀྲང་ལུའུ་ཁེ་ཧྲེ་ཝུ། དེ་བཞིན་ཨ་རིའི་ཀྲུང་དབྱང་དངུལ་ཁང་གི་ཀྲུའུ་ཞི་ཡེ་ལུན་བཅས་ཀྱི་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད། མ་གཞི་དེ་ལྟར་ཡིན་ཡང་། ཕྱོགས་གཉིས་པོའི་བར་རེས་སྐོར་འདིའི་སྐད་ཆ་ཤོད་རེས་ནང་གནད་དོན་རབ་དང་རིམ་པའི་ཐད་དཀའ་ངལ་ཆེ་བའི་འོས་མེད་སྒྲིག་ཐབས་ཡོང་མིན་ཐད་ཀུན་གྱིས་དོ་ཁུར་བྱེད་ཀྱི་ཡོད་པ་རེད།

ཧྥ་རན་སིའི་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་ཀྲུང་གོ་དང་ཨ་རིའི་འཐབ་ཇུས་དང་དཔལ་འབྱོར་སྐད་ཆ་ཤོད་རེས་ཐོག ཀྲུང་གོ་དང་ཨ་རི་ཁ་གཏད་དུ་ལངས་ཚེ། རྒྱལ་ཁབ་གཉིས་པོ་དང་འཛམ་གླིང་ངོས་ནས་བཤད་ཚེ་གོད་ཆག་ཡིན། ཡངས་ཤིང་རྒྱ་ཆེ་བའི་ཞི་བདེ་རྒྱ་མཚོ་ཆེན་པོར་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་ཆེན་པོ་གཉིས་གཤོང་བའི་བར་ཁམས་གདང་ངེས་ཤིག་ཡོད། ཨ་རིའི་ཙུང་ཐུང་ཨའོ་པ་མའི་ཡིག་ཐོག་ཤེས་ཚིག་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་ལ་ལན་ཆ་བྱས་ཡོད་ཅེས་དང་། ཁོང་གིས་ཀྲུང་གོ་དང་ཨ་རིའི་བར་གནད་དོན་ཚང་མའི་ཐད་བསམ་འཆར་གཅིག་མཐུན་ཡོང་གི་མེད། དེ་ནི་ང་ཚོས་ཐུན་མོང་གི་འགྲན་རྩོད་དང་འགན་འཁྲི། ཁེ་ཕན་བཅས་ལ་དམིགས་ནས་འབྲེལ་བ་བཙུགས་པ་དང་སྦ་གསང་མེད་པའི་སྒོ་ནས་ཕྱོགས་འགལ་ཐག་གཅོད་བྱེད་དགོས་དོན་དེ་ཡིན་ཞེས་བསྟན་ཡོད་པ་རེད།

ཨུ་རུ་སུའི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། མ་གཞི་དུས་ཡུན་ཉིན་གཉིས་་ཀྱི་སྐད་ཆ་ཤོད་རེས་ཀྱིས་ཀྲུང་གོ་དང་ཨ་རིའི་བར་གྱི་ཕྱོགས་འགལ་དང་ཡིད་ཆེས་མེད་པའི་གནད་དོན་རྦད་དེ་མེད་པ་བཟོ་ཐབས་མེད། ཡིན་ནའང་སྐད་ཆ་ཤོད་རེས་བྱས་པ་ཡིས། རྒྱལ་ཁབ་གཉིས་པོའི་བར་ཕན་ཚུན་བསམ་ཤེས་བྱེད་ཤུགས་ཆེ་རུ་འགྲོ་ཐུབ་པ་དང་། ཀྲུང་གོ་དང་ཨ་རིའི་འབྲེལ་བ་ནི་འཛམ་གླིང་ཐོག་གི་ཕྱོགས་གཉིས་འབྲེལ་བ་གལ་ཆེ་ཤོས་ཤིག་ཡིན་པ་དང་ཕྱོགས་གཉིས་པོས་ཐུན་མོང་གི་འགན་འཁྲི་འཁུར་ཡོད་ཅེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག