མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བདེ་འཇགས་ཀྱི་རྐྱེན་པས་ལི་པི་ཡར་བཅའ་སྡོད་བྱེད་པའི་མི་སྣ་ཉུང་དུ་བཏང་བ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-10 11:26

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཚེས9ཉིན་མཉམ་འབྲེལ་རྒྱལ་ཚོགས་ལི་པི་ཡའི་དམིགས་བསལ་མངགས་གཏོང་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་གྱིས་སྤེལ་བའི་གསར་འགྱུར་གནས་བསྡུས་ལས་ལི་པི་ཡའི་བདེ་འཇགས་དུས་བབ་ཟམ་མི་ཆད་པར་ཇེ་སྡུག་ཏུ་ཕྱིན་པས། ལི་པི་ཡའི་དམིགས་བསལ་མངགས་གཏོང་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་གྱིས་ལི་པི་ཡར་བཅའ་སྡོད་བྱེད་པའི་མི་སྣ་ཉུང་དུ་བཏང་ཡོད་པ་ར་སྤྲོད་བྱུང་ཡོད་པ་རེད།

གསར་འགྱུར་གནས་བསྡུས་ནང་། བྱ་ཐབས་དེ་ནི་གནས་སྐབས་ཀྱི་བྱ་ཐབས་ཞིག་ཡིན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་སྣའི་བདེ་འཇགས་ལ་བསམ་གཞིགས་བྱས་པ་ཞིག་ཡིན། ལི་པི་ཡའི་བདེ་འཇགས་དུས་བབ་ཡག་ཏུ་ཕྱིན་རྗེས། དཔྱད་དཔོག་བསྐྱར་མ་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད། ཡིན་ནའང་། མིག་སྔར་ལི་པི་ཡའི་དམིགས་བསལ་མངགས་གཏོང་ཚོགས་པར་རྒྱབ་སྐྱོར་བྱེད་མཁན་ཚོགས་པས་མི་གྲངས་ག་ཚོད་ཉུང་དུ་གཏོང་མིན་ཁ་གསལ་མེད་པ་རེད།

ལི་པི་ཡའི་རྒྱལ་ས་ཏི་ལི་པོ་ལིའི་བདེ་འཇགས་དུས་བབ་ཟམ་མི་ཆད་པར་ཛ་དྲག་ཏུ་ཕྱིན་པར་བསམ་གཞིགས་བྱས་ནས། ཨེ་ཅིབ་དང་ཨར་ཅི་རི་ཡ། སོ་ཏེ་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཚུད་པའི་རྒྱལ་ཁབ་མང་པོས་ལི་པི་ཡར་བཅའ་སྡོད་བྱེད་པའི་གཞུང་ཚབ་ཁང་སྒོ་རྒྱབ་ཡོད་པ་དང་།ཐུའུ་ཉི་སི་ཚུད་པའི་རྒྱལ་ཁབ་མང་པོས་ཡང་ལི་པི་ཡར་བཅའ་སྡོད་བྱེད་པའི་ཕྱིན་འབྲེལ་མི་སྣ་ཉུང་དུ་བཏང་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག