མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་ཁེ་ལན་སྲིད་གཞུང་གིས་ཤར་རྒྱུད་དམངས་ཁྲོད་དྲག་ཆས་པ་དང་དབྱེ་འབྱེད་གྲོས་མོལ་བྱེད་མི་སྲིད་ཅེས་བསྟན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-10 11:25

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས9ཉིན་ཨུ་ཁེ་ལན་གྱི་མཐོ་རིམ་དཔོན་རིགས་ཀྱིས་ཨུ་ཁེ་ལན་སྲིད་གཞུང་གིས་ཤར་རྒྱུད་ས་ཁུལ་གྱི་འཇིགས་སྐུལ་པ་དང་དབྱེ་འབྱེད་གྲོས་མོལ་བྱེད་མི་སྲིད་ཅེས་བསྟན་ཡོད་པ་རེད།

ཨུ་ཁེ་ལན་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ཚེས་དགུ་ཉིན་ཨུ་ཁེ་ལན་ཙུང་ཐུང་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པ་ཆ་ལེས། འཇིགས་སྐུལ་པ་དང་དངོས་གཞིའི་དབྱེ་འབྱེད་གྲོས་མོལ་གང་ཞིག་བྱས་ཀྱང་དེ་དང་ལེན་བྱེད་མི་ཐུབ་ཅེས་བསྟན་པ་དང་། ཁོང་གིས་སྲིད་གཞུང་ཕྱོགས་ནས་བྱ་ཐབས་ཐ་དག་བཟུང་ནས་ཞི་འཆམ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། ཡིན་ནའང་ཕ་རོལ་པོས་དེ་བསྟུན་གྱི་ལན་ཆ་བྱས་མེད་ཅེས་ནན་སྟོན་གནང་བ་དང་།

ཆ་ལེས་ཡོ་རོབ་བདེ་འཇགས་དང་མཉམ་ལས་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་། ཨུ་ཁེ་ལན་ལ་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེན་མོ་བ་ཙུའུ་ལ་བོ་ཧྥུ། ཨུ་ཁེ་ལན་གྱི་ཙུང་ཐུང་ཟུར་པ་ཁུའུ་ཆི་མ་བཅས་ལས་གྲུབ་པའི་ཕྱོགས་ཁག་གསུམ་གྱི་འབྲེལ་གཏུག་ཚོགས་ཆུང་གིས་མུ་མཐུད་ནས་གྲོས་བསྡུར་བྱེད་རྒྱུའི་གྲ་སྒྲིག་བྱས་ཟིན་ཡོད། ཡིན་ནའང་ད་ཆ་འཕེལ་རིམ་དེར་སྐུལ་འདེད་གཏོང་ཐུབ་མཁན་གྱི་མི་དེའི་གྲ་སྒྲིག་གནས་ཚུལ་ལ་རག་ལས་ཡོད་པ་དང་འཇིགས་སྐུལ་པས་ངེས་པར་དུ་མཚོན་ཆ་དོར་དགོས་པ་དང་ནོར་འཁྲུལ་ཁས་ལེན་བྱེད་དགོས་ཞེས་བསྟན་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག