མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥེ་ལེ་པེན་མང་ཚོགས་ཀྱིས་འདུ་ཚོགས་བསྡུས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲིམས་ཁང་གིས་ཨ་ཅི་ནོའུ་འཛིན་བཟུང་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-09 10:32

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥེ་ལེ་པེན་ལྔ་གཅིག་ངལ་རྩོལ་ལས་འགུལ་སོགས་དམངས་ཁྲོད་ཀྱི་ཚོགས་ཁག་མང་བོ་ཞིག་གིས་ཚེས་བརྒྱད་ཉིན་རྒྱལ་ས་མཱ་ནེ་ལཱ་ས་ཁུལ་ནས་ངོ་རྒོལ་འདུ་ཚོགས་བསྡུས་ཏེ། ཧྥེ་ལེ་པེན་གྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཁྲིམས་ཁང་གིས་རུལ་སུངས་སུ་གྱུར་བའི་ཙུང་ཐུང་ཨ་ཅི་ནོའུ་དང་དེར་འབྲེལ་གྱི་མནའ་མཐུན་གྲོགས་པོ་དག་འཛིན་བཟུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཉིན་དེར། ན་ནིང་རྒྱ་མཚོའི་ཁུག་རྟ་ཞེས་པའི་དྲག་རླུང་གི་འཇིགས་པ་ཐེབས་པའི་གནོད་ཐེབས་མང་ཚོགས་དང་ཁྱིམ་མིས་གྲུབ་པའི་མི་དམངས་དྲ་བ་ཞེས་པའི་ཚོགས་ཁག་གིས་ཧྥེ་ལེ་པེན་གྱི་སྔོན་རྩིས་ལས་ཁུངས་ཀྱི་སྒོ་མདུན་ནས་ཨ་ཅི་ནོའུ་དང་སྔོན་རྩིས་པུའུ་ཀྲང་ཨ་པཱ་ཏིའི་འདྲ་པར་མེར་བསྲེག་སྟེ། ཨ་ཅི་ནོའུ་སྲིད་གཞུང་གིས་ཧྥེ་ལེ་པེན་གྱི་སྒོར་མོ་ཁྲག་ཁྲིག་གཅིག་དང་ཐེར་ཆེན་གསུམ་ཐེར་འབུམ་བདུན་ཡོད་པའི་མ་དངུལ་འབོར་ཆེན་ཆེས་མཐོའི་ཁྲིམས་ཁང་གིས་རྩ་ཁྲིམས་དང་འགལ་བར་ཐག་བཅད་པའི་མྱུར་བདེའི་རྩིས་སྤྲོད་ཇུས་གཞིའི་ཕྱོགས་སུ་བཏང་བ་དང་། གནོད་ཐེབས་རྗེས་ཀྱི་རོགས་སྐྱོར་ཐད་ཧྥེ་ལེ་པེན་གྱི་སྒོར་མོ་ཐེར་ཆེན་གསུམ་དང་ཐེར་འབུམ་གཉིས་ལས་མ་བཏང་བར་ངོ་རྒོལ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག