མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

སོ་ཏི་ཨ་རབ་དང་དབྱི་རག་གི་འབྲེལ་མཚམས་ས་ཁུལ་དུ་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-08 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱི་མཐའ་སྲུང་དམག་དཔུང་གི་མགྲིན་ཚབ་པས་ཚེས་བདུན་ཉིན་བཤད་རྒྱུར། ཉིན་དེར་སོ་ཏི་ཨ་རབ་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་གྱི་སོ་ཏི་ཨ་རབ་ཕྱོགས་སུ་སྒྱོགས་མདེལ་གསུམ་ལྷུང་ཡང་མི་སྣ་ཤི་རྨས་བྱུང་བའི་གནས་ཚུལ་མེད་ཟེར།

མགྲིན་ཚབ་པ་དེས་བཤད་རྒྱུར། ཉིན་དེའི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་བཞི་བཅུའི་སྟེང་། སྒྱོགས་མདེལ་གསུམ་སོ་ཏི་ཨ་རབ་ཕྱོགས་ཀྱི་སྡོད་ཁུལ་གྱི་ས་སྟོང་དུ་ལྷུང་ནས་མི་སྣར་ཤི་རྨས་ཐེབས་མེད་ཟེར། མིག་སྔར་ཉེན་རྟོག་ཕྱོགས་ཀྱིས་སྒྱོགས་མདེལ་དེ་གང་ནས་གཏོང་འཕེན་བྱས་པར་རྟོག་ཞིབ་བྱེད་བཞིན་ཡོད་ཟེར།

ན་ནིང་ཟླ་བཅུ་གཅིག་པར། སོ་ཏི་ཨ་རབ་དང་དབྱི་རག་གི་མཐའ་མཚམས་ས་ཁུལ་དུའང་སྒྱོགས་མདེལ་གྱི་འཇབ་རྒོལ་ཐེབས་ཏེ་མི་སྣ་ཤི་རྨས་བྱུང་མེད། དེའི་རྗེས་སུ་དབྱི་རག་གི་ཧྲི་ཡེ་ཕྱོགས་ཁག་གི་དྲག་ཆས་རྩ་འཛུགས་མུའུ་ཧི་ཐཱ་ལེ་ཡིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་པ་དང་། དམིགས་ཡུལ་ནི་སོ་ཏི་ཨ་རབ་ཀྱིས་དབྱི་རག་གི་ཞོང་ནེ་ཕྱོགས་ཁག་གི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པར་རྒྱབ་སྐྱོར་བྱེད་མི་རུང་བའི་ཉེན་བརྡ་གཏོང་བའི་ཆེད་དུ་རེད་ཟེར།

མིག་སྔར། དབྱི་རག་གི་ཐལ་སྤྱོད་རྩ་འཛུགས་དབྱི་རག་དང་ལོས་ཧྥན་ཐི་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དང་དེའི་རྒྱལ་ཁབ་མཁན་དང་དབྱི་རག་གི་སྲིད་གཞུང་དམག་དཔུང་བར་གྱི་འཁྲུག་རྩོད་ཇེ་ཆེར་སོང་བ་དང་། སོ་ཏི་ཨ་རབ་ཀྱིས་དབྱི་རག་གི་མཐའ་མཚམས་ས་ཁུལ་གྱི་སྐོར་ཞིབ་ཤུགས་ཚད་ཇེ་ཆེ་བཏང་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་བསྒྲགས་པ་ལྟར་ན། སོ་ཏི་ཨ་རབ་ཀྱིས་དབྱི་རག་གི་མཐའ་མཚམས་ས་ཁུལ་དུ་དམག་མི་ཁྲི་གསུམ་མངག་ནས་འགོག་སྲུང་བྱ་བར་ཤུགས་སྣོན་བྱས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག