མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་པཱ་སི་ཡིས་དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་ནས་འཇབ་རྒོལ་བྱེད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-08 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་བདུན་ཉིན་དབྱི་སི་རལ་ཕྱོགས་ཀྱིས་མྱུར་དུ་ཅཱ་ཧྲ་ས་ཁུལ་ལ་དམིགས་པའི་དམག་དོན་འགུལ་སྐྱོད་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཕཱ་ལེ་སི་ཐན་དཔོན་ཕྱོགས་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཨ་པཱ་སི་ཡིས་དབྱི་སི་རལ་ཕྱོགས་ཀྱིས་འཁྲུག་རྩོད་སྔར་ལས་ཛ་དྲག་ཏུ་སོང་ན་འབྱུང་སྲིད་པའི་མཇུག་འབྲས་ཚབས་ཆེན་ལ་དོ་སྣང་བྱེད་དགོས་པའི་ཉེན་བརྡ་བཏང་། ཁོས་ཞོར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མྱུར་དུ་འགུལ་སྐྱོད་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་ས་ཁུལ་དེ་ཧྲིལ་བོ་ཟིང་འཁྲུག་གི་གནས་སུ་འཁྲིད་པར་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་པཱ་སི་ཡིས་ད་རུང་བསྟན་དོན། ཕཱ་ལེ་སི་ཐན་ཕྱོགས་ཀྱིས་ཨ་རབ་རྒྱལ་ཁབ་དང་རྒྱལ་སྤྱིའི་ལས་ཁུངས་ལ་འབྲེལ་འདྲིས་བྱས་ཏེ། དབྱི་སི་རལ་གྱི་དམག་དཔུང་གིས་འཁྲུག་རྩོད་མཚམས་འཇོག་པར་ཡར་སྐུལ་བྱེད་བཞིན་ཡོད་ཟེར།

ཚེས་དྲུག་ཉིན་གྱི་དགོང་མོ་ནས་ཚེས་བདུན་ཉིན་གྱི་ཞོགས་པའི་བར། དབྱི་སི་རལ་གྱི་མཁའ་དམག་གིས་ཅཱ་ཧྲ་ས་ཁུལ་དུ་བར་སྣང་འཇབ་རྒོལ་ཐེངས་འགའ་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་ཕཱ་ལེ་སི་ཐན་དབྱི་སི་ལན་འགོག་རྒོལ་རྩ་འཛུགས་ཧཱ་མཱ་སིའི་དྲག་ཆས་མི་སྣ་བདུན་ཡོད་པ་རེད། དེའི་རྗེས་སུ་ཧཱ་མཱ་སི་ཡི་ཁོངས་སུ་གཏོགས་པའི་ཁཱ་སང་སྟོང་ཤོག་གིས་གསལ་སྒྲོག་སྤེལ་ཏེ། དྲག་ཆས་མི་སྣས་ཉིན་དེར་དབྱི་སི་རལ་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་མང་བོར་མེ་ཤུགས་འཕུར་མདའ་བཅུ་ཕྲག་འགའ་གཏོང་འཕེན་བྱས་ཏེ་འཁོན་ལན་སྤྲད་པ་བདེན་དཔང་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག