མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་མེ་རི་ཁས་གསང་མྱུལ་བའི་དོན་རྐྱེན་ཐད་ནས་འཇར་མན་དང་མཉམ་ལས་བྱེད་རྒྱུ་ཁས་ལེན་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-08 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཨིག་ནེ་སི་ཐི་ཡིས་ཚེས་བདུན་ཉིན་བསྟན་དོན། ཨ་མེ་རི་ཁའི་ཕྱོགས་ཀྱིས་ཉེ་སྔོན་བསྒྲགས་པའི་གསང་མྱུལ་བའི་དོན་རྐྱེན་ཐད་ནས་འཇར་མན་ཕྱོགས་དང་མཉམ་ལས་བྱེད་རྒྱུ་ཡིན་ཟེར།

ཨིག་ནེ་སི་ཐི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་། འཇར་མན་ཕྱོགས་ཀྱིས་དོན་རྐྱེན་དེར་འབྲེལ་བའི་གསང་འཕྲིན་ལ་མུ་མཐུད་དུ་རྟོག་ཞིབ་བྱེད་བཞིན་པ་རྒྱུ་མཚན་དུ་བྱས་ཏེ་དཔྱད་བརྗོད་ཅི་ཡང་མ་སྤེལ། ཁོས་ཞོར་དུ་ང་ཚོས་འཇར་མན་དང་མཉམ་ལས་བྱས་ཏེ་གནད་དོན་དེ་ཐག་གཅོད་འོས་འཚམ་བྱེད་རྒྱུ་ཡིན་ཟེར། ཁོས་ད་རུང་ཨ་མེ་རི་ཁ་དང་འཇར་མན་གྱི་འབྲེལ་བའི་གལ་ཆེན་རང་བཞིན་ནན་བཤད་བྱས་པ་དང་། ཕྱོགས་གཉིས་ཀྱི་གྲོགས་པོའི་འབྲེལ་བ་དེ་ཕན་ཚུན་བརྩི་འཇོག་དང་ལོ་ངོ་བཅུ་ཕྲག་འགར་མཉམ་ལས་བྱས་པའི་རྨང་གཞིའི་སྟེང་བཙུགས་པ་ཡིན་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཕུའུ་སཱ་ཅི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། འཇར་མན་དུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཆེན་མོ་ཨེ་མའོ་སིན་གྱིས་ཚེས་བཞི་ཉིན་དོན་རྐྱེན་དེའི་ཐད་ནས་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཅུའུ་ལ་འབྲེལ་འདྲིས་བྱས་པ་དང་། ཨ་མེ་རི་ཁ་དང་འཇར་མན་བར་མུ་མཐུད་དུ་དོན་རྐྱེན་དེར་གྲོས་མོལ་བྱེད་བཞིན་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག