མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སི་ཡིས་མའོ་ཨར་ཏའོ་ཝ་ལ་ཉོ་ཚོང་སྲུང་སྐྱོབ་བྱེད་ཐབས་སྤྱོད་རྒྱུ་རེད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-08 11:01

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ལི་མེ་ཏི་བེ་ཅེ་ཧྥུའུ་ཡིས་ཚེས་བདུན་ཉིན་བསྟན་དོན། མའོ་ཨར་ཏའོ་ཝའི་གྲོས་ཁང་གིས་ཉེ་སྔོན་ཡོ་རོབ་གླིང་མནའ་འབྲེལ་བར་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་འགོད་པར་ཆོག་མཆན་བཀོད་པར་དམིགས་ཏེ། ཨུ་རུ་སི་ཡིས་མའོ་ཨར་ཏའོ་ཝ་ལ་ཉོ་ཚོང་སྲུང་སྐྱོབ་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར།

མེ་ཏི་བེ་ཅེ་ཧྥུའུ་ཡིས་ཉིན་དེར་ནེ་ཀིའི་གྲོས་ཚོགས་སྟེང་བསྟན་དོན། མའོ་ཨར་ཏའོ་ཝ་ཡོ་རོབ་གླིང་མནའ་འབྲེལ་གྱི་རང་དབང་ཉོ་ཚོང་ས་ཁུལ་དུ་ཞུགས་རྗེས། རང་བཙན་མཉམ་འབྲེལ་ཚོགས་པའི་རང་དབང་ཉོ་ཚོང་ས་ཁུལ་དང་སྒོ་ཁྲལ་མནའ་མཐུན་ཚོང་རར་ཤུགས་རྐྱེན་ཚབས་ཆེན་ཐེབས། དེ་བས་ཁོས་ནེ་ཀི་ཡིས་མའོ་ཨར་ཏའོ་ཝ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཆིངས་ཡིག་གིས་ཨུ་རུ་སི་ལ་བཟོས་པའི་ཉེན་ཁར་ཞིབ་འཇུག་བྱས་ཏེ། ཨུ་རུ་སིའི་ཚོང་རར་སྲུང་སྐྱོབ་བྱེད་པའི་བྱེད་ཐབས་འདོན་དགོས་པའི་རེ་བ་བཏོན་པ་ཡིན་ཟེར།

མེ་ཏི་བེ་ཅེ་ཧྥུའུ་ཡིས་ཞོར་དུ་བསྟན་དོན། གལ་ཏེ་ཝུའུ་ཁི་ལན་དང་ཀི་ལུའུ་ཅི་ཡཱའི་གྲོས་ཁང་གིས་འབྲེལ་གཏུག་རྒྱལ་ཁབ་ཀྱི་གྲོས་ཆོད་ལ་ཆོག་མཆན་བཀོད་ན། ཨུ་རུ་སི་ཡིས་རྒྱལ་ཁབ་དེ་གཉིས་ལའང་དགོས་ངེས་ཀྱི་བྱེད་ཐབས་སྤྱོད་སྲིད་པའི་ཉེན་བརྡ་བཏང་།

ཨུ་རུ་སིའི་ཙུང་ལི་གཞོན་པ་དང་པོ་ཧྲུའུ་ཝ་ལོ་ཧྥུའུ་ཡིས་ཚོགས་ཐོག་ནས་བསྟན་དོན། སྒོ་ཁྲལ་མནའ་མཐུན་གྱིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་སྤེལ་རྒྱུ་ཡིན་པའི་ཡོ་རོབ་གླིང་དང་ཨེ་ཤ་ཡཱའི་དཔལ་འབྱོར་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་སྟེང་མའོ་ཨར་ཏའོ་ཝ་ལ་དམིགས་པའི་ཉོ་ཚོང་སྲུང་སྐྱོབ་བྱེད་ཐབས་ལ་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག