མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨ་པཱ་སི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་སི་རལ་གྱི་དམག་དཔུང་གི་འགུལ་སྐྱོད་ལ་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-07 10:48

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨ་པཱ་སི་ཡིས་ཚེས་དྲུག་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་སྤྱིའི་དམིགས་བསལ་རྟོག་ཞིབ་ཨུ་ཡོན་ལྷན་ཁང་བཙུགས་ཏེ། དབྱི་སི་རལ་ཕྱོགས་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ལ་ལག་བསྟར་བྱེད་བཞིན་པའི་ནག་ཉེས་བྱ་སྤྱོད་ལ་རྟོག་ཞིབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཨ་པཱ་སི་ཡིས་ཉིན་དེར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབུས་ཤར་ཞི་བདེའི་འཕེལ་རིམ་གྱི་དམིགས་བསལ་མཐུན་སྦྱོར་མཁན་སའེ་ལི་དང་གྲོས་མོལ་བྱས་རྗེས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཁོས་རེ་བ་བཏོན་པའི་འཕྲིན་ཡིག་དེ་སའེ་ལི་བརྒྱུད་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་ལ་སྤྲོད་རྒྱུ་ཡིན་ཟེར།

ཨ་པཱ་སི་ཡིས་བསྟན་དོན། ཨུ་ཡོན་ལྷན་ཁང་དེའི་ལས་འགན་ཞིག་ནི་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་གྱི་ན་གཞོན་དམར་གསོད་བཏང་བའི་དོན་ལ་རྟོག་ཞིབ་བྱེད་རྒྱུ་དེ་ཡིན་ཟེར། ཁོས་བཤད་རྒྱུར། འདས་པའི་གཟའ་འཁོར་གཉིས་ཀྱི་ནང་། དབྱི་སི་རལ་གྱི་དམག་དཔུང་གི་འགུལ་སྐྱོད་ལས་ཕཱ་ལེ་སི་ཐན་གྱི་མི་བཅུ་དྲུག་རྐྱེན་ལམ་དུ་ཤོར་བ་དང་། དེའི་ནང་བུད་དང་བྱིས་པ་འདུས་ཡོད། ཕཱ་ལེ་སི་ཐན་གྱི་མཐོ་རིམ་མགོ་ཁྲིད་པས་དབྱི་སི་རལ་གྱི་དམག་དཔུང་གི་ཅཱ་ཧྲ་དང་ནུབ་འགྲམ་གྱི་འགུལ་སྐྱོད་ལ་ངོ་རྒོལ་བྱེད་པར་གྲ་སྒྲིག་གང་ལེགས་བྱས་ཡོད་ཟེར།

དེ་ལས་གཞན་ཨ་པཱ་སི་ཡིས་ད་རུང་རྒྱལ་སྤྱིའི་རྩ་འཛུགས་ཀྱིས་ཕཱ་ལེ་སི་ཐན་མི་དམངས་ལ་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག