མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་ཁེ་ལན་ཙུང་ཐུང་གིས་ཚེས5ཉིན་ཨུ་ཁེ་ལན་དང་ཨུ་རུ་སུ་ཡོ་རོབ་བཅས་ཕྱོགས་གསུམ་གྱི་འབྲེལ་གཏུགས་ཚོ་ཆུང་གི་གྲོས་ཚོགས་འཚོགས་རྒྱུའི་གྲོས་འགོ་བཏོན་པ།

  ཡོང་ཁུངས། ཀྲུང་གོའི་བོད་སྐད་རླུང་འཕྲིན།  2014-07-06 11:16

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་ཁེ་ལན་གྱི་ཙུང་ཐུང་དྲ་བའི་ཐོག་སྤྱི་ཚེས་བཞི་ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྤྱི་ཚེས་བཞི་ཉིན་ཨུ་ཁེ་ལན་གྱི་ཙུང་ཐུང་པོ་ལོ་ཧྲེན་ཁོས་སྤྱི་ཟླ་བདུན་པའི་ཚེས་ལྔ་ཉིན་ཨུ་ཁེ་ལན་དང་། ཨུ་རུ་སུ། ཡོ་རོབ་བདེ་འཇགས་དང་མཉམ་ལས་སྒྲིག་འཛུགས་བཅས་ཕྱོགས་གསུམ་གྱི་འཐུས་མིས་གྲུབ་པའི་འབྲེལ་གཏུགས་ཚོ་ཆུང་གི་གྲོས་ཚོགས་འཚོགས་རྒྱུའི་གྲོས་འགོ་བཏོན་ཡོད་ཅེས་བཀོད་འདུག

བརྡ་ཁྱབ་དེར་གཞིགས་ན། པོ་ལོ་ཧྲེན་ཁོས་ཉིན་དེར་ཡོ་རོབ་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་ཨ་ཧྲེ་ཏུན་ལ་ཞལ་པར་བཏང་ནས། ཨུ་ཁེ་ལན་གྱིས་མུ་མཐུད་ཨུ་ཁེ་ལན་དང་། ཨུ་རུ་སུ། ཡོ་རོབ་བདེ་འཇགས་དང་མཉམ་ལས་སྒྲིག་འཛུགས་བཅས་ཀྱི་འབྲེལ་གཏུགས་ཚོ་ཆུང་བར་འབྲེལ་གཏུགས་བྱེད་འདོད་ཡོད་ཅེས་གསུངས་པ་དང་། ཨ་ཧྲེ་ཏུན་གྱིས་ཡོ་རོབ་མནའ་འབྲེལ་ནས་མུ་མཐུད་ཨུ་ཁེ་ལན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག