མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཝུའུ་ཁི་ལན་གྱི་ཙུང་ཐུང་གིས་ཤར་ཕྱོགས་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་པར་བཤད།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-06 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཝུའུ་ཁི་ལན་གྱི་ཙུང་ཐུང་དྲ་ཚིགས་ཀྱིས་ཚེས་ལྔ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཉིན་དེར་བསྟན་དོན། རྒྱལ་ཁབ་དེའི་ཤར་ཕྱོགས་ས་ཁུལ་གྱི་དམག་དོན་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

པའོ་ལོ་ཧྲིན་ཁི་ཡིས་བསྟན་དོན། ཁོའི་བཀའ་རྒྱ་སྔར་བཞིན་ནུས་ལྡན་ཡིན་པ་དང་། ཏོན་ནེ་ཚི་ཁི་ཀྲིག་དང་ལུའུ་ཀན་སི་ཁི་ཀྲིག་ཕྱིར་ལེན་པའི་འགུལ་སྐྱོད་མུ་མཐུད་དུ་སྤེལ་དགོས་ཟེར། ཁོས་ད་རུང་བཤད་རྒྱུར། ཉིན་དེར་དྲག་ཆས་ཉེས་ཅན་གྱི་ལག་ནས་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་ཕྱིར་བླངས་པར་དོན་སྙིང་ཆེན་པོ་ལྡན་པ་དང་། དེ་ནི་ཝུའུ་ཁི་ལན་གྱི་མངའ་ཁོངས་ཆ་ཚང་བ་སླར་གསོ་བྱེད་པའི་འཐབ་རྩོད་ཁྲོད་ཀྱི་དཀྱོག་མཚམས་གསར་བ་ཞིག་ཡིན་ཟེར།

པའོ་ལོ་ཧྲིན་ཁི་ཡིས་ད་རུང་གང་མགྱོགས་སྒོས་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་གྱི་སྡོད་དམངས་ལ་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱེད་དགགོས་པའི་བཀའ་རྒྱ་བཏང་བར་མ་ཟད། དམག་དཔུང་གིས་གྲོང་ཁྱེར་དང་སྡོད་ཁུལ་ཕྱིར་ལེན་པའི་སྐབས་སུ་གང་ནུས་ཀྱིས་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པའི་རེ་བ་བཏོན།

ཚེས་ལྔ་ཉིན་གྱི་སྔ་དྲོར་བསྒྲགས་པའི་གནས་ཚུལ་ལྟར་ན། ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་ཏོན་ནེ་ཚི་ཁི་ཀྲིག་གི་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་ཝུའུ་ཁི་ལན་སྲིད་གཞུང་དམག་གིས་ཚོད་འཛིན་བྱས་ཡོད་ཟེར། ཝུའུ་ཁི་ལན་གྱི་རྒྱལ་སྲུང་བློན་ཆེན་ཀི་ལོས་ཅེ་དབྱེ་ཡིས་ཉིན་དེར་པའོ་ལོ་ཧྲིན་ཁི་ལ་སྙན་ཞུ་བྱས་ཏེ། པའོ་ལོ་ཧྲིན་ཁི་ཡིས་ཁྱབ་སྒྲོག་བྱས་པའི་དྲག་ཆས་ཉེས་ཅན་གྱི་ལག་ནས་སི་ལཱ་ཝེ་དབྱང་སི་ཁི་གྲོང་ཁྱེར་ཕྱིར་འཕྲོག་པའི་བཀའ་རྒྱ་དེ་ལག་བསྟར་ཡོངས་འགྲུབ་བྱས་པ་དང་། གྲོང་ཁྱེར་དེའི་གྲོས་ཁང་ནས་ཝུའུ་ཁི་ལན་གྱི་རྒྱལ་དར་བསྒྲེངས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག