མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གིས་དུས་རིམ་དང་པོའི་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-06 11:14

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་སྟེང་ཚེས་ལྔ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གིས་ངེས་གཏན་ས་ཁོངས་སུ་དམག་དཔུང་བཀོད་སྒྲིག་བྱས་ཏེ་དུས་རིམ་དང་པོའི་དམག་དོན་སྦྱོང་བརྡར་བྱ་འགུལ་དངོས་སུ་མགོ་བརྩམས།

དུས་རིམ་དང་པོའི་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་སྐབས། མཚོ་ནག་གྲུ་གཟིངས་རུ་ཁག་གི་གྲུ་གཟིངས་དང་གནམ་གྲུས་འཕུར་མདའ་གཏོང་འཕེན་དང་འགས་གཏོར་སོགས་ཀྱི་སྦྱོང་བརྡར་བྱེད་རྒྱུ་ཡིན་པ་དང་། དེ་ལས་གཞན་ཆུ་འཛུལ་གྲུ་གཟིངས་ལ་རྒོལ་བྱེད་ཀྱི་གྲུ་གཟིངས་དང་མཚོ་འོག་འགད་རྫས་ལ་ཞིབ་བཤེར་བྱེད་པའི་གྲུ་གཟིངས་སོགས་འདུས་པའི་དམག་གྲུ་མང་བོས་དགྲ་བོར་དངོས་སུ་ཆམ་ཕབ་གཏོང་བར་ལད་མོ་བྱེད་རྒྱུ་རེད།

ཨུ་རུ་སིའི་རྒྱལ་སྲུང་པུའུ་གསར་འགྱུར་ཅུའུ་ཡིས་ཚེས་བཞི་ཉིན་གྱི་དགོང་མོར་བཤད་རྒྱུར། ཨུ་རུ་སིའི་མཚོ་ནག་གྲུ་གཟིངས་རུ་ཁག་གི་ཐེངས་འདིའི་དམག་དོན་སྦྱོང་བརྡར་ནི་འཆར་གཞི་ལྟར་སྤེལ་བ་ཡིན་པ་དང་། སྦྱོང་བརྡར་བྱེད་ས་ནི་མཚོ་ནག་གི་མཚོ་ཁོངས་ཧྲིལ་བོ་ཡིན་ལ། གྲུ་གཟིངས་ཉི་ཤུ་ཙམ་དང་གནམ་གྲུ་དང་གྱེན་འཕུར་གནམ་གྲུ་ཉི་ཤུ། མཚོ་དམག་སྐམ་འཐབ་རུ་ཁག་སོགས་དམག་དཔུང་ཐེངས་འདིའི་དམག་དོན་སྦྱོང་བརྡར་ལ་ཞུགས་རྒྱུ་ཡིན་པ་དང་། དམིགས་ཡུལ་གཙོ་བོ་ནི་མཚོ་ནག་གྲུ་གཟིངས་རུ་ཁག་གི་དམག་སྣ་མང་བོའི་རོགས་ལས་ལ་སྦྱོང་བརྡར་བྱེད་པའི་ཆེད་དུ་ཡིན་ཟེར།

དུས་ཡུན་ཉིན་བཅུ་ཡིན་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་ཁབ་བདུན་གྱི་མཚོ་ཐོག་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེ་ཚེས་བཞི་ཉིན་པུར་ཀ་རི་ཡཱའི་ཤར་ཕྱོགས་ཀྱི་མཚོ་ནག་མཚོ་ཁོངས་ནས་སྤེལ་བ་དང་། ཨ་མེ་རི་ཁ་དང་དབྱིན་ཇི། ཐུར་ཁེ། ཞི་ལཱ། དབྱི་ཐཱ་ལེ། རོ་མཱ་ནི་ཡཱ། པུར་ཀ་རི་ཡཱ་སོགས་ཀྱི་མཚོ་དམག་མཉམ་འབྲེལ་དམག་དོན་སྦྱོང་བརྡར་ལ་ཞུགས། ཐེངས་འདིའི་ཉིས་སྟོང་བཅུ་བཞི་ལོའི་བསིལ་རླུང་ཞེས་པའི་མཉམ་འབྲེལ་དམག་དོན་སྦྱོང་བརྡར་དེར་པུར་ཀ་རི་ཡཱའི་མཚོ་དམག་གིས་གཙོ་ཁྲིད་བྱེད་པ་དང་། སྦྱོང་བརྡར་གྱི་རྣམ་གྲངས་ལ་མཚོ་ཐོག་གི་བདེ་འཇགས་འགོག་སྲུང་ལས་འགན་ལག་བསྟར་བྱེད་པ་དང་མཚོ་ཐོག་གི་རྒུད་སྐྱོབ་འགུལ་སྐྱོད་སོགས་འདུས་ཡོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག