ཉིས་སྟོང་བཅུ་བཞི་ལོའི་ཟླ་བདུན་པའི་ཚེས་གསུམ་ཉིན། ཏོན་ནེ་ཚི་ཁིའི་ལཱ་མཱ་ཐའོ་ཨར་སི་ཁི་ལ་ཝུའུ་ཁི་ལན་སྲིད་གཞུང་དམག་གི་མེ་སྒྱོགས་ཀྱི་འཇབ་རྒོལ་ཐེབས་ཏེ། ཁང་བར་གཏོར་བརླག་ཚབས་ཆེན་ཐེབས་ཡོད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཨེ་ལེ་ཧྲི་ཕོ་བྲང་གིས་སྤེལ་བའི་སྤྱི་སྒྲོག་ལྟར་ན། ཧྥ་རན་སིའི་ཙུང་ཐུང་ཨོ་ལིང་ཏི་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཞི་ཉིན་གྱི་སྔ་དྲོར་ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་དང་ཁ་པར་ལས་གྲོས་མོལ་བྱས་ཟེར།
ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་གསལ་སྒྲོག་སྤེལ་ཏེ། ཨོ་ལིང་ཏི་དང་མའོ་ཁི་ཨར་གཉིས་ཀྱིས་ཟླ་བདུན་པའི་ཚེས་གཉིས་ཉིན་ཧྥ་རན་སི་དང་འཇར་མན། ཨུ་རུ་སི་བཅས་རྒྱལ་ཁབ་གསུམ་གྱི་ཕྱི་འབྲེལ་བློན་ཆེན་གྱིས་པའོ་ལིན་ནས་བཀོད་པའི་གྲོས་མཐུན་ལག་བསྟར་བྱས་ཏེ། དུས་ཡུན་རིང་བོར་འཐབ་འཁྲུག་མཚམས་འཇོག་པར་འགན་སྲུང་བྱེད་དགོས་ཟེར།
པའོ་ལོ་ཧྲིན་ཁི་དང་གྲོས་མོལ་བྱེད་སྐབས་ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་ཟླ་བདུན་པའི་ཚེས་ལྔ་ཉིན་གྱི་སྔོན་ལ་འབྲེལ་གཏུག་ཚན་ཆུང་གིས་གྲོས་མོལ་བྱེད་པའི་གལ་ཆེན་རང་བཞིན་ཡང་བསྐྱར་ནན་བཤད་བྱས་པ་དང་། གྲོས་མོལ་བྱེད་པའི་དམིགས་ཡུལ་ནི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་ལ་བརྟེན་ནས་ཨུ་རུ་སི་དང་ཝུའུ་ཁི་ལན་བར་གྱི་ཐད་ཀར་གྲོས་མོལ་བྱེད་པའི་དགེ་མཚན་བསྟན་ཡོད།
ཚེས་གསུམ་ཉིན་ཨོ་ལིང་ཏི་དང་མའོ་ཁི་ཨར་གྱིས་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས་ཏེ། ཕུའུ་ཅིན་གྱིས་འབྲེལ་གཏུག་ཚན་ཆུང་གི་གྲོས་མོལ་ལ་རོགས་འདེགས་བྱེད་དགོས་པའི་འབོད་སྐུལ་བཏང་། །