ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ནང་སྲིད་པུའུ་ཡི་མགྲིན་ཚབ་པས་ཚེས་བཞི་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་མཐའ་མཚམས་ཀྱི་སྐོར་ཞིབ་རུ་ཁག་ལ་ཉིན་དེར་ཡེ་མིན་དང་འབྲེལ་བའི་མཐའ་མཚམས་ས་ཁུལ་ནས་ཐོབ་ཐང་མི་ཤེས་པའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་པ་དང་། དེའི་རྗེས་སུ་ཕྱོགས་གཉིས་ཀྱིས་འཁྲུག་རྩོད་བྱས་ཏེ། མི་བཞི་རྐྱེན་ལམ་དུ་ཤོར་ཟེར།
མགྲིན་ཚབ་པ་དེས་བཤད་རྒྱུར། འཁྲུག་རྩོད་དེ་སོ་ཏི་ཨ་རབ་ཀྱི་ཝ་ཏི་ཡཱ་མཐའ་མཚམས་ས་ཁུལ་གྱི་ཞིབ་བཤེར་ས་ཚིགས་ནས་བྱུང་བ་དང་། སོ་ཏི་ཨ་རབ་ཀྱི་དཔོན་རིགས་གཅིག་དང་འཇབ་རྒོལ་མཁན་གསུམ་འཁྲུག་རྩོད་ཁྲོད་ནས་རྐྱེན་ལམ་དུ་ཤོར། སོ་ཏི་ཨ་རབ་ཀྱི་བདེ་འཇགས་དམག་དཔུང་གིས་འཇབ་རྒོལ་མཁན་གཅིག་འཛིན་བཟུང་བྱས་པ་དང་། གཞན་མི་གཉིས་བྲོས་བྱོལ་བྱས།
ཡེ་མིན་གྱིས་ཉིན་དེར་བསྟན་དོན། རྟེན་གཞི་རྩ་འཛུགས་ཀྱི་ཡིན་པར་དོགས་པའི་མི་སྣ་ཞིག་གིས་ཉིན་དེར་རླངས་འཁོར་གཉིས་བསྐོར་ནས་ཡེ་མིན་མཐའ་སྲུང་དམག་མིར་མེ་མདས་བརྒྱབ་པ་དང་། དེའི་རྗེས་ནས་སི་ཏི་ཨ་རབ་ཕྱོགས་སུ་སོང་བ་རེད། ཡེ་མིན་ཕྱོགས་ཀྱི་དམག་མི་གཅིག་རྐྱེན་ལམ་དུ་ཤོར་ཟེར།
སི་ཏི་ཨ་རབ་དང་ཡེ་མིན་གྱི་མཐའ་མཚམས་རིང་ཚད་ལ་སྤྱི་ལེ་སྟོང་གཅིག་དང་བརྒྱད་བརྒྱ་ཡོད་པ་དང་། རྟེན་གཞི་རྩ་འཛུགས་ཀྱི་ཁོངས་མིས་དུས་རྒྱུན་རྒྱལ་ཁབ་གཉིས་ཀྱི་ཡུལ་བབ་ལ་བསྟུན་ནས་སོ་ཏི་ཨ་རབ་ཏུ་མཚོན་ཆ་ལྐོག་འཚོང་བྱེད་བཞིན་ཡོད། །