མདུན་ཤོག- གསར་འགྱུར།- རྒྱལ་སྤྱིའི་ཐོས་གནད།

ཧྥ་རན་སི་ཡིས་ཨ་མེ་རི་ཁའི་རེ་བ་ལྟར་རྒྱལ་ནང་གི་གནམ་གྲུ་ཐང་གི་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་རྒྱུ་ཁྱབ་སྒྲོག་བྱས།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2014-07-05 11:15

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་ཚེས་བཞི་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨ་མེ་རི་ཁའི་སྲིད་གཞུང་གི་རེ་བ་ལྟར། ཧྥ་རན་སིའི་སྲིད་གཞུང་གིས་ཉིན་དེར་རྒྱལ་ནང་གི་གནམ་གྲུ་ཐང་གི་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་བྱས་ཏེ། ཨ་མེ་རི་ཁར་འཕུར་བའི་གནམ་གྲུའི་བདེ་འཇགས་བྱེད་ཐབས་ལ་ཇེ་དྲག་ཏུ་གཏོང་རྒྱུ་ཁྱབ་སྒྲོག་བྱས།

ཧྥ་རན་སིའི་དམངས་སྤྱོད་མཁའ་འགྲུལ་སྤྱི་ཁྱབ་ཅུའུ་ཡི་མགྲིན་ཚབ་པ་ཞིག་གིས་གསར་འགྱུར་ལས་རིགས་ལ་བཤད་རྒྱར། ད་ལོའི་དབྱར་ཁར་ཆ་སྙོམས་ཉིན་རེར་གནམ་གྲུ་ཐེངས་ཞེ་བདུན་ཕཱ་རེ་སིའི་ཏའེ་ཀའོ་ལི་གནམ་གྲུ་ཐང་ནས་ཨ་མེ་རི་ཁར་འཕུར་བཞིན་ཡོད་པ་དང་། ཧྥ་རན་སིའི་ཕྱོགས་ཀྱིས་གནམ་གྲུ་དེ་དག་གི་བདེ་འཇགས་བྱེད་ཐབས་ལ་ཤུགས་སྣོན་བྱེད་རྒྱུ་ཡིན་ཟེར། གསང་རྒྱ་བྱེད་པའི་དབང་གིས་ཁོས་བྱེད་ཐབས་དེ་དག་གང་ཡིན་གསལ་བོར་མ་བཤད།

ཨ་མེ་རི་ཁའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་དཔོན་རིགས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། གསང་འཕྲིན་དཔོན་རིགས་ཀྱིས་རྟེན་གཞིའི་རྩ་འཛུགས་ཀྱིས་རྣམ་པ་གསར་བའི་འགད་རྫས་ལས་ནས་གནམ་གྲུའི་ཐང་གི་བདེ་འཇགས་ཞིབ་བཤེར་ལ་མགོ་སྐོར་བཏང་ནས་ཨ་མེ་རི་ཁར་འཇབ་རྒོལ་བྱེད་པར་སེམས་ཁུར་བྱེད་བཞིན་ཡོད་ཟེར། དེ་བས་ཨ་མེ་རི་ཁའི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡིས་རྒྱལ་ཁབ་གཞན་པའི་གནམ་གྲུ་ཐང་རེ་འགས་བདེ་འཇགས་ཞིབ་བཤེར་ལ་ཤུགས་སྣོན་དགོས་པའི་རེ་བ་བཏོན། ཚེས་གསུམ་ཉིན། དབྱིན་ཇི་དང་པུ་ལི་ཧྲི་ཡིས་རྒྱལ་ནང་གི་གནམ་གྲུ་ཐང་གི་བདེ་འཇགས་ལ་ཤུགས་སྣོན་བྱེད་རྒྱུ་ཁྱབ་སྒྲོག་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག